གཙང་གསུམ་མཉམ་བཞུར་གྱི་རིག་གནས་གཅེས་ནོར། མཐའ་ཆུ་རས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

མཐའ་ཆུ་རས་པ།

    ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་མཐའ་ཆུ་རས་པ་ནི་གར་གྱི་སྟངས་སྟབས་བརྟན་ཞིང་བརླིང་པ་དང་། གནའ་ཉམས་སོར་ཆུད་བྱེད་པ། རྒྱུན་འཛིན་ཆ་ཚང་བ་བཅས་ཀྱི་ཆ་རྐྱེན་ལྡན་ལ། བདེ་ཆེན་རས་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

མཐའ་ཆུ་རས་པའི་ཕོ་མོའི་རྒྱན་གོས།


    མཐའ་ཆུ་ནི་བདེ་ཆེན་རས་པའི་རྒྱུན་འཛིན་བྱ་ཡུལ་གལ་ཆེན་གྱི་གྲས་ཤིག་ཡིན་པས་རས་པའི་སྒྱུ་རྩལ་འབྱུང་གནས་ཀྱི་མཚན་སྙན་ཐོབ་ཡོད། མཐའ་ཆུ་རས་པ་ནི་ལོ་ལྟར་གྱི་ལུགས་རྙིང་ལོའི་ཟླ་3ཚེས་28ཉིན་ས་གནས་དེ་ག་རུ་སེམས་ཀྱི་ཉི་ཟླའི་མཐའ་ཆུ་རས་པ་སྒྱུ་རྩལ་དུས་ཆེན་གཉེར་གྱི་ཡོད།2011ལོར་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཐའ་ཆུ་རས་པ་ལ་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་པ་དང་།2014ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་པ་རེད།



མཐའ་ཆུ་རས་པའི་འཁྲབ་ལྭ་བཟོ་བཞིན་པ།