ལུག་མཉེ་མེ་ཏོག་བཞད་པའི་དབྱར་ཁ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོའི་འགྲམ་དུ་ཧ་མུའུ་ཀུའུ་ཆིང་ཆིང་སྣོད་བཅུད་ཞིང་ར་རུ་མེ་ཏོག་སྣ་ཚོགསབཞད་པ་དང་རྣམ་པ་མང་ཞིང་མཛེས་སྡུག་ལྡན་པ། ལུག་མཉེ་མེ་ཏོག་དང་ཡུངས་དཀར་་མེ་ཏོག ཞོག་ཁོག་མེ་ཏོག རྒྱ་སེ་མེ་ཏོག་སོགས་ཕན་ཚུན་འགྲན་རྩོད་ངང་བཞད་ནས་ཚོན་མདོག་སྣ་ལྔའི་མེ་ཏོག་གི་རྒྱ་མཚོ་ཆགས་པ།

    ཞིང་ར་དེས་ལོ་ཏོག་འདེབས་འཛུགས་བྱེད་པའི་བརྒྱུད་རིམ་ནང་ཞིང་སྨན་དང་རྩྭ་ངན་མེད་པ་བཟོ་བའི་སྨན་རྫས་དང་རྫས་འགྱུར་ལུད་མི་སྤྲོད་པར་སྐྱེ་ལྡན་ལུད་དང་མི་ཐབས་ལ་བརྟེན་ནས་ཡུར་མ་ཡུར། འདི་གར་རི་སྔོན་པོར་རྒྱབ་རྟེན་བཅོལ་བ་དང་ནགས་ཕག་་མཚོར་ཁ་གཏད་དེ་མཛེས་སྡུག་ལྡན་པའི་ཞིང་གྲོང་གི་མཛེས་ལྗོངས་ཡག་པོ་ཞིག་ཡོད་ལ་རང་བྱུང་ཁམས་དང་ཉེ་བཅར་དང་སྤྲོ་སྣང་འཐུ་བའི་ས་ཆ་ཡག་པོ་ཞིག་ཀྱང་རེད།