བདེ་ཆེན་མང་ཚོགས་ཀྱི་གྱོན་ཆས་འགྱུར་ལྡོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཆད།

ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་ནས་བཟུང་།

བདེ་ཆེན་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་

གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་།

འགྱུར་ལྡོག་དེ་དག་གྱོན་ཆས་ངོས་ལ་མཐོང་ཐུབ། 

ལོ་10ཡི་གོང་དྲ་ཐོག་ནས་ཉོ་སྒྲུབ་བྱ་རྒྱུ་ད་དུང་ཁྱབ་གདལ་བྱུང་མེད་པ་ནས

ད་བར་རྒན་རྒོན་ཚོས་ཀྱང་དྲ་ཐོག་ནས་ཉོ་སྒྲུབ་བྱེད་ཤེས་ཀྱི་ཡོད།

ན་གཞོན་ཚོས་ཉིན་རྒྱུན་འབོག་སྒྲིལ་བསྡུས་ནས་མཚམས་མི་འཇོག

སྔོན་ཆད་གྱོན་ཆས་གྱོན་པ་ནི་ལུས་པོ་འགེབས་པ་དང་དྲོད་སྲུང་བྱེད་པའི་ཆེད་དུ་ཡིན།

ད་ལྟ་གྱོན་ཆས་གྱོན་ན་བདེ་མོ་དང་དར་སྲོལ་རང་གཤིས་ལ་དང་དོད་བྱས་ནས་

མི་སྒེར་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་ཆེད་ཡིན།

སྔོན་ཆད་སྤུས་རྟགས་གྱོན་ཆས་ཚོང་ཁང་ཁ་ཤས་ལས་མེད་པ་ནས་

ད་བར་རྣམ་པ་སྣ་ཚོགས་ཀྱི་གྱོན་ཆས་ཚོང་ཁང་གང་སར་ཡོད་པ་དང་

ལོ་ཚད་མི་འདྲ་བའི་མི་ཚོགས་ཀྱི་དགོས་མཁོ་སྐོང་གི་ཡོད།

སྔོན་ཆད་གྱོན་ཆས་གཅིག་དུས་ཚིགས་མང་པོ་གྱོན་པ་དང་

གྱོན་ཆས་གཅིག་ལོ་ཁ་ཤས་གྱོན་པ་ནས་

ད་བར་གྱོན་ཆས་མང་ཆེ་བ་ཐེངས་ཁ་ཤས་ལས་གྱོན་མེད་པ་དང་

བེད་མེད་དུ་ལུས་པའི་གྱོན་ཆས་མང་པོ་ཡོད།

གྱོན་ཆས་འཛད་སྤྱོད་ཀྱི་འགྱུར་ལྡོག་ཐོག་ནས་

བདེ་ཆེན་མི་དམངས་ཀྱི་ཡོང་འབབ་ཇེ་མང་དུ་འགྲོ་བ་དང་།

འཚོ་བ་ཇེ་སྐྱིད་དུ་འགྲོ་བ་བཅས་མཚོན་ཡོད།

རྒན་རབས་པ་རྣམས་མི་རིགས་ཀྱི་གྱོན་ཆས་གྱོན་རྒྱུར་དགའ།

འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། མི་རྣམས་ཀྱི་གོས་སྒྲོམ་ནང་དུ་གྱོན་ཆས་སྣ་ཚོགས་བཀལ་ཡོད།

དྲ་ཐོག་ནས་ཉོ་སྒྲུབ་བྱ་རྒྱུ་དེ་མང་ཚོགས་ཀྱི་འཛད་སྤྱོད་ལས་རྣམ་གསར་པ་ཞིག་ཏུ་གྱུར་ཡོད།

ཚོན་མདངས་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་གྱོན་ཆས་ལའང་མང་ཚོགས་ཀྱིས་དགའ་པོ་ཐུབ་ཡོད།