འབྲོག་མིས་དབྱར་མཚེར་སྤོར་བའི་རྣམ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-14   རྩོམ་ཁུངས།    མི་དམངས་དྲ་བ།


    ལོ་རེའི་དབྱར་དུས། ཀྲུང་གོའི་རྩྭ་ཐང་ཆེ་གྲས་དྲུག་གི་གྲས་ཤིག་ཡིན་པའི་མདོ་ལ་རིང་མོའི་རྩྭ་ཐང་དུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་འབྲོག་པས་ལོ་གཅིག་དུས་གཅིག་གི་དབྱར་མཚེར་སྤོ་བཞིན་ཡོད། 

    རི་ཁུལ་གྱི་གནམ་གཤིས་རིམ་བཞིན་དྲོ་རུ་སོང་བ་བསྟུན་ནས། ས་བབ་ཅུང་མཐོ་བའི་དབྱར་སྟོན་དུས་ཀྱི་མཚེར་ས་དེ་ནོར་ལུག་གི་ཚ་བ་གཡོལ་སར་གྱུར་ཡོད། དབྱར་འགོའི་དུས་འདིར། ཀྱག་ཀྱོག་གི་རི་ལམ་ཐོག་བསྐྱོད་པའི“གནས་སྤོའི་དཔུང་ཆེན”དེ་རྩྭ་ཐང་གི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།