བདེ་ཆེན་གནམ་ཐང་གི་བེ་ཤ་དུས་ཚིགས་ཀྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


  

        ཟླ་7པའི་ཚེས་12ཉིན་ཧྲུན་ཧྥེང་མཁའ་འགྲུལ་བདེ་ཆེན་ནས་ཁུན་མིང་། ཧང་ཀྲོའུ་བར་གྱི་བེ་ཤའི་ཟོག་འདྲེན་གནམ་གྲུའི་མཁའ་ལམ་ཐོག་མ་འཕུར་མགོ་འཚོགས་པ་རེད། 

        དུས་གཏན་གནམ་གྲུ་ཐོག་མས་བེ་ཤ་སོགས་ཚོང་ཟོག་ཏུན་9ཙམ་ཁུན་མིང་དུ་བསྡད་རྗེས་མུ་མཐུད་དམིགས་ཡུལ་གནམ་ཐང་དུ་འཕུར་བ་དང་ལོ་གཅིག་སོང་རྗེས་བདེ་ཆེན་གནམ་གྲུ་ཐང་གི་བེ་ཤ་དུས་ཚིགས་ཀྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་བེ་ཤ་དུས་ཚིགས་ཀྱི་ཟོག་འདྲེན་གནམ་གྲུའི་མཁའ་ལམ་སླར་གསོ་དང་སྲ་བརྟན་བྱུང་ནས་བདེ་ཆེན་བེ་ཤའི་དུས་ཚིགས་ཧྲིལ་པོའི་ཟོག་འདྲེན་གནམ་གྲུའི་མཁའ་ལམ་རྒྱུན་རྣམ་ཅན་གྱི་གཉེར་སྐྱོང་ལ་རྨང་གཞི་བཏིང་ཡོད་པ་རེད།

    ད་ལོ་ཤར་ཚུན་བདེ་ཆེན་གནམ་གྲུ་ཐང་གིས་ཧྲུན་ཧྥེང་བདེ་ཆེན་གནམ་གྲུ་ཐང་གི་དབྱེ་གསེད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་ཇུས་འགོད་ཤུགས་ཆེན་བྱས་ཏེ་མཁའ་འགྲུལ་ཟོག་འདྲེན་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཟོག་འདྲེན་གནམ་གྲུའི་མཁའ་ལམ་འགན་ལེན་གྱི་ལས་ཕྱོད་དང་ཧྲུན་ཧྥེང་མྱུར་སྐྱེལ་དངོས་ཟོག་སྔོན་འདེམས་ལས་ཕྱོད་ཆེ་རུ་ནུས་ལྡན་བཏང་བ་རེད། དེ་དང་ཆབས་ཅིག་དབྱེ་གསེད་ལྟེ་གནས་ཀྱི་དབྱེ་གསེད་སྒྲིག་ཆས་སྤྱད་དེ་བེ་ཤ་མྱུར་སྐྱེལ་འཕྲུལ་ཆས་ལ་སྔོན་ཚུད་ནས་དབྱེ་གསེད་བྱེད་པའི་ལས་དོན་སྤེལ་བས་བེ་ཤའི་ཚོང་ཟོག་འཕྲུལ་ཆས་ཀྱི་འགན་ལེན་ལས་ཕྱོད་30%མཐོ་རུ་ཕྱིན་པ་དང་བེ་ཤ་གནམ་གྲུ་ཐང་དུ་སྡོད་པའི་འགན་ལེན་དུས་ཚོད་ཐུང་དུ་ཕྱིན་ནས་བེ་ཤ་སོས་ཉར་དང་སྤུས་ཚད་འགན་ལེན་བྱ་ཆེད་མཁའ་འགྲུལ་སྐྱེལ་འདྲེན་གྱི་ཞབས་ཞུ་དེ་བས་ལེགས་པ་མཁོ་འདོན་བྱས་ཡོད།