སྲིད་པའི་གཏམ་དཔེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-13   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

གཅིག་ལ་མི་འགྲིགས་གཞན་གྱི་སྐྱོན། །

ཀུན་ལ་མི་འགྲིགས་རང་གི་སྐྱོན། །


ལྕི་བ་གསེར་ལ་མི་འགྱུར། །

ཆུ་ནག་སྣུམ་ལ་མི་འགྱུར། །


ལྕགས་ལ་ལྕགས་ཀྱི་ལྷན་པ། །

ཟངས་ལ་ཟངས་ཀྱི་ལྷན་པ། །


ཅི་བཤད་ལ་མ་ཉན། །

ཅི་བྱས་ལ་བརྟག་དགོས། །


ཆགས་ན་ཞོ་དང་། །

མ་ཆགས་ན་དར་ར། །


ཆང་གིས་བཟི་ན་དྭངས་མཐའ་ཡོད། །

ནོར་གྱིས་བཟི་ན་དྭངས་མཐའ་མེད། །


ཆང་གཅོད་འདོད་ན། །

ར་བཟིའི་སྐྱོན་ལ་ལྟོས། །


ཆུ་ཆེན་འབྲི་ཆུ་རྫ་ཆུ་ཆེ། །

དྲིན་ཆེ་བ་རི་སྐེད་རྫིང་བུ་ཆེ། །


ཇ་བསྐོལ་ན་ཟངས་ཁོག་སོ་སོ་ཡིན། །

མེ་བཏང་ན་དུ་ཁུང་སོ་སོ་ཡིན། །


ཇ་ཐུག་པ་གཉིས་ཀྱིས་བརྒྱགས། །

མེ་ཉི་མ་གཉིས་ཀྱིས་དྲོས། །


མཇལ་མཇའ་བའི་ལྷ་ཁང་དང་། །

གཤིབས་གཤིབས་པའི་བུ་སྤུན། །


འཇུ་ཚོད་ཀྱི་ལྟོ་དང་། ། 

ཐེག་ཚོད་ཀྱི་ལས། །


ཉ་མོ་གཤོག་རྩལ་ཆེ་ཡང་། །

གྲུ་ཤན་རྟ་མགོའི་འོག་རེད། །


ཉིན་གསུམ་བླ་མའི་ལྗགས་མདུད། །

དེ་ནས་ཤིག་གི་ཤིག་ཚང་། །


གཉེན་དང་ཉི་མ་རྒྱང་ནས་སྲོས། །

མེ་དང་ཨ་མ་འགྲམ་ལ་བསྟེན། །


སྙིང་རྗེ་པོ་སྲན་མའི་མེ་ཏོག །

བཟས་ཚར་ན་གྲོད་ཁོག་སྦོས་མཁན། །