ཟླ་7་པར་བདེ་ཆེན་དུ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཉེ་སྔོན། བདེ་ཆེན་གྱི་ཡུལ་སྐོར་དུས་ཚིགས་བཟང་པོ་དང་བསྟུན་ནས་ལྗོངས་ཁུལ་སོ་སོའི་ཡུལ་སྐོར་བ་མངོན་གསལ་ཇེ་མང་དུ་སོང་བ་རེད།

        ཟླ་7པའི་ཚེས་2ཉིན་ནས་བཟུང་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་གྲངས་འབོར་རྒྱུན་མཐུད་ངང་འཕར་བ་དང་དེ་སྔ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་ཉིན་ལྟར་ཡུལ་སྐོར་བ་100ལྷག་ཙམ་ལས་མེད་པ་དང་ཉེ་དུས་ཉིན་ལྟར་སྣེ་ལེན་བྱེད་ཚད་500ནས་700བར་ཟིན་གྱི་ཡོད། འབའ་ལྷག་དཀར་རྫོང་ལྗོངས་ཁུལ་དུ་གངས་རི་དང་གྲོག་རོང་། འཁྱགས་རོམ། གཙང་པོ་དང་ས་མཐོའི་མཚེའུ་དང་གདོད་མའི་ནགས་ཚལ་སོགས་གཞི་གཅིག་ཏུ་བསྡུས་ཡོད། འཛམ་གླིང་རིམ་པའི་ཐོན་ཁུངས་ཡོད་པ་དང་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཡོད་པས་བདེ་ཆེན་དུ་ཡུལ་སྐོར་ལ་ཡོང་མཁན་ཚོ་ངེས་པར་དུ་འགྲོ་དགོས་པའི་ས་ཆ་ཞིག་ཏུ་གྱུར་ཡོད།

        ཟླ་7པར་སེམས་ཀྱི་ཉི་ཟླའི་དགོང་རླུང་བསིལ་བ་དང་ས་སྲོས་འོག་གི་རྡོ་མཁར་རྫོང་གི་གློག་འོད་ཆེམ་ཆེམ་འཕྲོ། གནའ་བོའི་དབྱངས་རྟ་ཕུན་སུམ་ཚོགས་པོ་ཡོད་པས་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་དེར་འགྲོ་དགའ། རྫོང་འགོ་འཛེགས་ཏེ་གནའ་གྲོང་གི་ཡུལ་ལྗོངས་ཡོངས་ལ་ཐུར་ལྟ་བྱེད་པ་དང་མི་རིགས་ཀྱི་གྱོན་ཆས་གྱོན་ནས་ཕྱོགས་བཞིའི་ཁྲོམ་གཞུང་དུ་མི་རིགས་ཀྱི་ཞབས་བྲོ་འཁྲབ་སྟེ་ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས་དང་ས་ཁོངས་རིག་གནས་ཉམས་ལེན་བྱེད་ཀྱི་ཡོད།