ཚོན་མདོག་རྣམ་པར་བཀྲ་བའི་རྒྱལ་ཐང་གི་དབྱར་གཞུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།



    དབྱར་གཞུང་འདིར། བདེ་ཆེན་མཐོ་སྒང་གི་གངས་རིས་རིམ་གྱིས་འཛུམ་ཞལ་མངོན་ཡོང་ལ། རྩྭ་ཐང་གིས་ཀྱང་མེ་ཏོག་སྣ་བརྒྱས་སྤྲས་པའི་རྒྱན་གོས་བཀླུབས་ནས་འདུག ད་དུང་ཚང་ཚིང་གི་ནགས་ཚལ་དང་དྲི་ངད་ལྡང་བའི་སྤང་ལྗོངས། དེ་མིན་ཡུལ་སྐོར་བ་དང་འབྲོག་པ། རྟ་ནོར་ལུག་གསུམ་ལྷོད་ཡངས་ཀྱི་རྩྭ་ཐང་འདིའི་སྟེང་བག་ཕབས་ཀྱིས་རྒྱུ་བཞིན་ཡོད་ལ། སྔོ་ལྗང་གི་རྩྭ་ཐང་འདིའི་སྟེང་ན་བརྗེད་ཐབས་མེད་པའི་ཉིན་གཅིག་གཏོང་བཞིན་འདུག