ཡུས་ཧྲུའུ་ཡིས་པེ་ཅིང་རོགས་སྐྲུན་གྱི་འབྲི་གཡག་གསོ་སྤེལ་རྟེན་གཞིར་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།




     ཟླ7པའི་ཚེས5ཉིན། ཡུས་ཧྲུའུ་ཡི་འབྲི་གཡག་པེ་ཅིང་དུ་བསྐྱོད་པའི་བཤས་གཏོང་ཉོ་ཚོང་བྱ་འགུལ་དེ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཞེའུ་གྲོང་རྡལ་ཕྱུགས་ལས་སྡེ་བའི་འབྲི་གཡག་གསོ་སྤེལ་རྟེན་གཞི་རུ་སྤེལ་བ་རེད། འབྲི་གཡག་སྐོར་ཐེངས་དང་པོ་སྔ་གཞུག་ཏུ་རྟེན་གཞི་ནས་བཤས་གཏོང་བྱས་ཏེ། ལས་སྣོན་བྱས་པ་བརྒྱུད་པེ་ཅིང་གི་ཚོང་རར་བཀྲམས། ཉེ་བའི་ལོ་འགའི་རིང་། པེ་ཅིང་རོགས་སྐྲུན་ཚོགས་པས་རོགས་སྐྱོར་མ་དངུལ་སྤྱད་དེ་ཁྲི་འདུ་རྫོང་ཞེའུ་གྲོང་རྡལ་འབྲོག་པ་སྡེ་བ་རུ་འབྲི་གཡག་གསོ་སྤེལ་རྟེན་གཞི་བཙུགས་པ་དང་། ཁྲི་འདུ་རྫོང་ཞེའུ་གྲོང་རྡལ་རོང་འབྲོག་པའི་ཆེད་ལས་མཉམ་ཁང་ལ་སྤྲད་དེ་གཉེར་སྐྱོང་བྱེད་བཞིན་ཡོད། ཚོགས་པས་པེ་ཅིང་གི་འབྲེལ་ཡོད་ཁེ་ལས་ཡུས་ཧྲུའུ་རུ་ཡོང་བར་མཐུན་སྦྱོར་བྱས་ཏེ། ས་གནས་དེའི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་མཉམ་འབྲེལ་སྒོས་འབྲི་གཡག་གསོ་སྤེལ་རྟེན་གཞི་ཚོང་གཉེར་བྱས་ཤིང་། ནུས་ཤུགས་ཡོད་རྒུས་མཉམ་ལས་ཁང་གི་ཚད་ལྡན་ཅན་གྱི་གསོ་སྤེལ་ལ་སྐུལ་འདེད་བཏང་སྟེ། “འབྲོག་ཁྱིམ+མཉམ་ལས་ཁང+ཁེ་ལས+ཁྲོམ་ར”ཡི་ཐོན་ལས་ཧྲིལ་བོའི་ཕྲེང་འབྲེལ་བཙུགས་པ་བརྒྱུད། ས་གནས་དེའི་འབྲི་གཡག་ཐོན་ལས་ཅན་གྱི་ཚད་གཞི་ཇེ་མཐོར་བཏང་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་བ་རེད།  །