སྐྱེ་ཁམས་མཛེས་སྡུག་ལྡན་པའི་འཇོལ་རྫོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཉེ་བའི་ལོ་ཤས་རིང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྣོད་བཅུད་ལ་བརྟེན་ནས་རྫོང་འཛུགས་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་ཞིང་། སྣོད་བཅུད་ཀྱི་དར་ཆ་སྒྲེང་བ་དང་སྣོད་བཅུད་ཀྱི་ཚོང་རྟགས་སྲུང་བ། སྣོད་བཅུད་ཀྱིས་ཕྱུག་འགྱུར་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྫོང་ཡོངས་ཀྱི་ནགས་ཚལ་སྣོད་བཅུད་སྐྱོན་བྲལ་དང་བརྟན་ལྷིང་མགྱོགས་མྱུར་གྱིས་འཕེལ་རྒྱས་ཕྱིན་པ་བྱས་ནས་རྫོང་ཁོངས་མཛེས་ཤོས་དེ་བས་མིང་དོན་མཚུངས་པ་དང་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་བ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བྱས་ཡོད།