ཡང་ཐང་ས་ཆར་འོད་ནུས་གློག་དྲ་གཅིག་གསར་དུ་བཙུགས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-06   རྩོམ་ཁུངས།    སེམས་ཀྱི་ཟླ་བོད་ཡིག་དྲ་བ།

  ཉེ་སྔོན། རྒྱལ་ཁབ་ནུས་ཁུངས་ཚོགས་པའི་ཡང་ཐང་ཆུ་མཛོད་དེ། ཀྲའོ་ཝ་2.512ཁྱབ་ཚུལ་རང་བཞིན་གྱི་ས་ངོས་འོད་ཤུགས་གློག་ཁང་ཐེངས་གཅིག་དྲ་སྦྲེལ་ལེགས་གྲུབ་བྱུང་།བདེ་ཆེན་ཁུལ་གྱི་འོད་ཤུགས་གློག་ཁང་ཐོག་ཡིན་ཏེ། བདེ་ཆེན་གྱིས་"ལྗང་མདོག་ནུས་རྒྱུའི་བྱང་བུ་"གཏོད་རྒྱུར་རོགས་རམ་བྱེད་པ་མ་ཟད། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྗང་མདོག་རྣམ་པ་བསྒྱུར་བའི་བཀྲག་མདངས་འཚེར་བའི་མིང་བྱང་གཞན་ཞིག་ཀྱང་ཡིན་པ་རེད། ཡང་ཐང་ཆུ་མཛོད་ཀྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་དང་། ཆུ་འོད་གསབ་རེས་ཀྱི་དཔེ་སྟོན་རང་བཞིན་གྱི་ལས་གྲྭའི་རྣམ་གྲངས་གསར་སྤེལ་མགྱོགས་ལམ་དུ་བསྐྱོད་པ་མངོན་འགྱུར་བྱ་དགོས།

    ཡང་ཐང་ཆུ་མཛོད་ཀྱི་འོད་ཤུགས་གློག་ཁང་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དུ་གནས་པ་དང་ས་གནས་དེ་གའི་ཉི་འོད་ནུས་པའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་གང་ལེགས་བྱས་ཏེ་ཆུ་མཛོད་གློག་ཁང་གི་གློག་ནུས་དང་ཕན་ཚུན་གསབ་རེས་བྱས་ནས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་ནུས་རྒྱུ་གསར་པ་འཛུགས་སྐྲུན་བྱས་ཡོད།རྣམ་གྲངས་དེར་ཝ་545ཤེལ་རྐྱང་ཀུའེ་ཉི་འོད་ནུས་པའི་འོད་ཤུགས་གློག་སྨན་སྤྱད་དེ། ཁྱོན་གཡུལ་ས་178བཀོད་སྒྲིག་བྱས་པ་དང་སྤེལ་རེས་གཞོགས་ངོས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྲའོ་ཝ་2.512ཟིན་ཡོད་པ་རེད།ཆན་ཧྥུའུ་10ཡི་སྐུད་ལམ་བརྒྱུད་ལྷོ་ཕྱོགས་གློག་དྲ་བདེ་ཆེན་གློག་མཁོ་འདོན་ཅུས་ཀྱི་ཆན་ཧྥུའུ་35ཡི་ལྗིད་ཚད་འབྲིང་གྲས་སུ་སྦྲེལ་མཐུད་བྱས་པ་དང་། ཆན་ཧྥུའུ་10ཡི་སྐུད་ལམ་བརྒྱུད་དེ་ཀྲུང་ཏེན་ཆུ་མཛོད་གློག་ཁང་ཆུང་གྲས་ཀྱི་ཆན་ཕུའུ་10ཡི་གློག་སྤྱོད་མ་ལག་སྦྲེལ་མཐུད་བྱས་པ་རེད།

    ཡང་ཐང་ཆུ་མཛོད་ཀྱི་འོད་ཤུགས་གློག་ཁང་2021ལོའི་ཟླ་10པར་ཞིབ་འཇུག་ཐུབ་པ་དང་། 2022ལོའི་ལོ་འགོར་སྐྲུན་འགོ་ཚུགས་པ་དེ་ཁུལ་ཡོངས་ཀྱི་ས་ངོས་ཁྱབ་ཚུལ་གྱི་འོད་ཤུགས་གློག་ཁང་དང་པོ་ཡིན་པའི་ངོས་ནས་ལས་འགོ་ཚུགས་ཚུན་ས་གནས་རིམ་ཁག་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་རྒྱལ་ནུས་ཁུངས་སེམས་ཀྱི་ཉི་ཟླ་ཀུང་སིས་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ལས་གྲྭ་འཛུགས་སྐྲུན་གྱི་"མཐོ་གཉིས་ཕུལ་བྱུང་གཅིག་"གི་བླང་བྱ་གཞིར་བཟུང་ཨར་ལས་དང་ལས་གྲྭའི་མི་སྣ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་དཀའ་སྤྱད་འབད་འཐབ་བྱས་པ་དང་། སྤུས་ལེགས་དོ་དམ་དམ་འཛིན་བྱ་གཞིར་བྱས་ཏེ་ཇུས་འགོད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ཨར་ལས་སྒྲིག་འཛུགས་དང་། བདེ་འཇགས།་སྤུས་ཚད། མྱུར་ཚད། བཟོ་སྐྲུན་མ་གནས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གྲྭ་འཛུགས་སྐྲུན་གྱི་དོ་དམ་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ་རྣམ་གྲངས་སྔ་ཙམ་དྲ་སྦྲེལ་དང་། སྔ་ཙམ་ཐོན་སྐྱེད་བྱེད་འགོ་ཚུགས་པ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱ་དགོས། དུས་ཐུང་ལོ་ཕྱེད་ནང་ལས་ཡུལ་ཁོད་སྙོམས་པ་དང་ཨར་ལས་སྒྲིག་འཛུགས་ཇུས་འགོད་དང་ལྷུ་ལག་སྒྲིག་སྦྱོར་དང་གློག་ཤུགས་སྙོམས་སྒྲིག་ཚོད་ལྟ་སོགས་ཀྱི་འཛུགས་སྐྲུན་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ནས་རྣམ་གྲངས་དུས་བཀག་ལྟར་ལས་མཇུག་འགྲིལ་རྒྱུའི་འགན་ལེན་བྱས་པ་དང་ཚད་གཞི་མཐོ་པོའི་སྒོ་ནས་གློག་ཁང་ཐོན་སྐྱེད་བྱེད་འགོ་ཚུགས་ནས་གློག་གཏོང་ཐུབ་པ་བྱུང་ཡོད།