མཛེས་སྡུག་ཡིད་འཕྲོག་གི་རྡོ་མཁར་རྫོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།





 ཟད་ནས་འོད་འཁྱུག་འཁྱུག་བྱེད་པའི་རྡོ་ལམ་དང་སྒྲིག་བཀོད་གྲལ་དག་པའི་སྡོད་ཁང་། གནའ་བོའི་ཁྲོམ་གཞུང་། མཛེས་སྡུག་ཡིད་འཕྲོག་གི་རྫོང་མགོ དེ་མིན་གསེར་འོད་ལམ་ལམ་བྱེད་པའི་མ་ཎི་འཁོར་ལོ་བཅས་ནི་རྡོ་མཁར་རྫོང་གི་དམིགས་སུ་ཐོན་པའི་མཛེས་སྡུག་ཏུ་གྲུབ་ཡོད་པ་རེད།

图片

    རྡོ་མཁར་རྫོང་ལ་ད་ལྟའི་བར་ལོ་ངོ་1300ལྷག་གི་ལོ་རྒྱུས་ཡོད་ལ། འདི་ནི་གནའ་སྔ་མོ་ཇ་རྟའི་གནའ་ལམ་གྱི་ས་ཚིགས་གཙོ་བོ་དང་། ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཀྱི་རིག་གནས་དང་དཔལ་འབྱོར་གྱི་ལྟེ་གནས་གཙོ་བོ་ཞིག་ཡིན་པ་རེད།

图片

    ས་སྲོད་དུས་ཀྱི་རྡོ་མཁར་རྫོང་གིས་མཛེས་སྡུག་གཞན་ཞིག་མངོན་ཡོང་སྟེ། གློག་འོད་ཁྲི་སྟོང་དང་སྐར་འོད་ལམ་ལམ་གྱིས་རྡོ་མཁར་རྫོང་གི་ཡིད་འཕྲོག་མཛེས་ལྗོངས་དེ་གྲུབ་ལ། གནའ་དེང་རིག་གནས་མཉམ་འདྲེས་ཀྱི་སྣང་བ་འདི་རྡོ་ཡང་མཁར་རྫོང་གི་ཡིད་འཕྲོག་གི་འགུག་ཤུགས་ཤིག་ཡིན་པ་རེད།

    གློག་འོད་རིམ་བཞིན་དཀར་བ་དང་བསྟུན་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྐོར་བྲོ་ལྡིང་བའི་འགོ་བརྩམས་ལ། འདེགས་འཇོག་གསལ་བའི་མི་རིགས་མང་བོའི་བྲོ་གར་རེ་བཞིན་ལྡིང་བས་གནའ་བོའི་མཁར་གྲོང་འདི་ལ་གནས་ཤུགས་གསར་བ་ཞིག་དང་ཁྲིག་ཆ་དོད་པའི་སྤྲོ་གནང་བར་བ་ཞིག་བསྣན་ལ། ཕན་ཚུན་ལག་རྡང་དམ་གྱིས་སྦེལ་བས་གནས་འདིའི་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་གར་གྱི་སྟངས་སྟབས་ལ་བསྒྱུར་བ་རེད།

图片