ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཁྲི9671.2སླེབས་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-01   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

    ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཏང་ནང་ཁུལ་དུ་བསྡོམས་རྩིས་བླངས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། 2021ལོའི་ལོ་མཇུག་གི་བར་དུ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བསྡོམས་གྲངས་ཁྲི9671.2ཡོད་ལ། དེ་ལོ་སྔོན་མ་དང་བསྡུར་ན་ཁྲི343.4ཡི་འཕར་ཡོད། ཏང་གི་གཞི་རིམ་རྩ་འཛུགས་ཁྲི493.6ཡོད་ཅིང་། དེ་ལོ་སྔོན་མ་དང་བསྡུར་ན་ཁྲི་11.7གྱི་འཕར་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་བྱ་རྒྱུ་དེ་ཏང་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ཤིང་། ཁྲག་རྒྱུན་གསར་པ་རྒྱུན་ཆད་མེད་པར་བསྡུ་ལེན་དང་གདོང་མཆོང་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བརྒྱབ་ཏེ། ཏང་གིས་ཐོག་མཐའ་བར་གསུམ་དུ་སྐྱེས་སྟོབས་ལྡན་པའི་གསོན་ཤུགས་དང་དང་འཐབ་རྩོད་ནུས་ཤུགས་ཆེན་པོ་སྲུང་འཛིན་བྱེད་དགོས།