རྩམ་པ་ལ་འཚོ་བཅུད་གང་ཡོད་ཅེས་འདྲི་ན་འདི་ལྟར་ལན་ཐོབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-28   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

    ནས་ཀྱི་ཁྲོད་དུ་སྤྲི་དཀར་རྫས་དང་ཚིལ་རྒྱུ། སིང་ཕྱེ་དང་རིགསBཅན་གྱི་འཚོ་རྒྱུ་བཅས་འདུས་པས། འཚོ་བཅུད་ཀྱི་རིན་ཐང་ཆེན་པོ་ལྡན་པ་ཡིན། ནས་ཀྱི་ཁྲོད་དུ་འདུས་པའི་འཚོ་བཅུད་ཀྱི་གྲུབ་ཆ་གཙོ་བོར་གཤམ་གྱི་རིགས་འགའ་ཡོད་དེ།β–རྒུན་འབྲུམ་གྱི་མངར་ཆ། ནས་ནི་འཛམ་གླིང་སྟེང་གི་འབྲུ་རིགས་ཁྲོད་ཀྱིβ–རྒུན་འབྲུམ་གྱི་མངར་ཆ་འདུས་ཚད་ཆེས་མཐོ་བའི་འབྲུ་རིགས་ཤིག་ཡིན་ལ། དཔྱད་འཇལ་ལྟར་ན་ནས་ཀྱི་ཁྲོད་དུβ–རྒུན་འབྲུམ་གྱི་མངར་ཆ་འདུས་ཚད8.6%དུ་སླེབས་ཡོད་དེ། དེ་ནི་གྲོ་ཡི་ཆ་སྙོམས་འདུས་ཚད་ཀྱི་ལྡབ50རེད། β–རྒུན་འབྲུམ་གྱི་མངར་ཆ་ནི་ཁྲག་ཚིལ་དང་མཁྲིས་རྒྱུ་གཤེར་རྩི་ཇེ་དམའ་རུ་གཏོང་བ་དང་། སྙིང་ཁམས་དང་ཁྲག་རྩའི་ནད་སྔོན་འགོག་བྱེད་པ། རྩམ་ལོང་གི་སྐྲན་ནད་སྔོན་འགོག་བྱེད་པ་བཅས་ལ་ཟས་བཅོས་ཀྱི་ཕན་ནུས་ངེས་ཅན་ལྡན་པ་ཡིན།

    བཟའ་བཅའི་ཚི་སྣ། ནས་ཀྱི་སྤྱིའི་བཟའ་བཅའི་ཚི་སྣ་འདུས་ཚད་ནི16%ཡིན་ཏེ། དེའི་ཁྲོད་ཀྱི་ཞུ་དཀའ་བའི་རང་བཞིན་གྱི་བཟའ་བཅའི་ཚི་སྣ་འདུས་ཚད་ནི9.68%ཡིན་ལ། ཞུ་སླ་བའི་རང་བཞིན་གྱི་བཟའ་བཅའི་ཚི་སྣ་འདུས་ཚད་ནི6.37%ཡིན་པ་དང་།སྔ་མ་ནི་གྲོ་ཡི་ལྡབ8དང་ཕྱི་མ་ནི་གྲོ་ཡི་ལྡབ15ཡིན། བཟའ་བཅའི་ཚི་སྣ་ལ་རྒྱུ་མ་གཙང་མར་བཟོ་བ་དང་།ལུས་ཁམས་ཀྱི་དུག་རྒྱུ་གཙང་སེལ་བྱེད་པའི་ཕན་ནུས་ལྡན་པས། མི་ལུས་ཀྱི་འཇུ་བྱེད་མ་ལག་གི་གད་བདར་པ་ལྟ་བུ་ཡིན།

    ཡན་ལག་སིང་ཕྱེ། ནས་ཀྱི་ཡན་ལག་སིང་ཕྱེའི་གྲུབ་ཆ་ནི་དམིགས་བསལ་ལྡན་པ་ཞིག་ཡིན་ཏེ། སྤྱིར་བཏང་གིས74%ནས78%བར་འདུས་ཡོད། ཡན་ལག་སིང་ཕྱེའི་ཁྲོད་དུ་འབྱར་བག་འབྱར་ཁུ་མང་པོ་འདུས་ཡོད་ལ། ཚ་པོ་བཟོས་རྗེས་བུལ་གཤིས་ཞན་ཙམ་དུ་མངོན་ཞིང་། ཕོ་སྐྱུར་མང་དྲགས་པ་ལ་ཚོད་འཛིན་བྱེད་པའི་བྱེད་ནུས་ལྡན། ཕོ་བའི་ནད་གཅོང་ཇེ་ལྷོད་དུ་གཏོང་བ་དང་སྲུང་ཡོལ་ལྟ་བུའི་བྱེད་ནུས་ཀྱང་འདོན་ཐུབ་པ་ཡིན།

    འཚོ་རྒྱུ། ནས་ཕྱེ་ཁེ100རེའི་ཁྲོད་དུ་མུ་ཨན་རྒྱུ(འཚོ་རྒྱུB1)ཧའོ་ཁེ0.32དང་། ཉིང་སེར་རྒྱུ(འཚོ་རྒྱུB2)ཧའོ་ཁེ0.21། ཉི་ཁེ་སྐྱུར་ཧའོ་ཁེ3.6། འཚོ་རྒྱུEཧའོ་ཁེ0.25བཅས་འདུས་ཡོད། དངོས་རྫས་འདི་དག་གིས་མི་ལུས་ཀྱི་བདེ་ཐང་སྐྱེ་འཚར་ལ་ཕན་ནུས་ལེགས་པོ་འདོན་ཐུབ་པ་ཡིན།

གཏེར་རྒྱུ། ནས་ཀྱི་ཁྲོད་དུ་མི་ལུས་ཀྱི་བདེ་ཐང་ལ་ཕན་པའི་ཀལ་དང་ལིན། ལྕགས། ཟངས། ཏི་ཚ། ཚད་ཉུང་མ་རྒྱུ་སེ་སོགས་གཏེར་རྒྱུ་རིགས་མང་པོ་འདུས་ཡོད། (སེ་ནི་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་རྩ་འཛུགས་ཀྱིས་མི་ལུས་ལ་ངེས་པར་མཁོ་བའི་ཚད་ཉུང་མ་རྒྱུ་རུ་གཏན་འཁེལ་བྱས་ཡོད་པར་མ་ཟད། སྐྲན་འགོག་སྐྲན་བཅོས་ཀྱི་གཞི་རྒྱུ་གཅིག་པུར་གཏན་འཁེལ་བྱས་ཡོད།)

ནས་ཀྱིས་གྲུབ་པའི་དངོས་རྫས་ལ་གཙོ་བོར་རྒྱ་ཐུག་སྐམ་ཆུན་དང་། ཅོང་རྡོག ནས་ཀྱི་འཚོ་བཅུད་ཕྱེ་མ་དང་ནས་ཆང་སོགས་ཡོད་ལ། ནས་ནི་མཚེར་བའི་བྱེད་ནུས་ཉམས་པ་དང་ངལ་དུབ་ཆེ་ཞིང་ཤུགས་མེད་པ། ཕོ་བ་བཤལ་བ་སོགས་ཀྱི་ནད་པས་བསྟེན་པར་འཚམ། ནས་ལ་རང་བཞིན་གྱིས་ཕོ་ཁ་གསོ་བའི་ཕན་ནུས་ལྡན་པས། སྤྱིར་བཏང་དུ་བཟའ་བཏུང་གི་འཛེམ་བྱ་ཆེར་མེད།