བདེ་ཆེན་གྱི་བེ་ཤའི་ཐོན་ཁུངས་ལ་སྲུང་སྐྱོང་བྱ་དགོས་པའི་འབོད་སྐུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


བདེ་ཆེན་ཁུལ་ནི་ཡུན་ནན་ཞིང་ཆེན་མ་ཟད་རྒྱལ་ཡོངས་ཀྱི་བེ་ཤ་ཐོན་ཁུལ་ཆེ་ཤོས་ཤིག་ཡིན་པ་དང་། བེ་ཤའི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་30%དང་ཡུན་ནན་གྱི་65%ཡན་ཟིན་ཡོད། བེ་ཤའི་ཕ་ཡུལ་ཞེས་གྲགས་པ་མིང་དོན་མཚུངས་ཤིང་ཕྱི་ནང་ཀུན་དུ་སྙན་གྲགས་རྒྱས་ཡོད།     ཉེ་བའི་ལོ་ཤས་རིང་།   བདེ་ཆེན་ཁུལ་གྱི་ས་ཁུལ་ཁག་གཅིག་གིས་གོ་རིམ་མེད་པར་སྐྱེས་མ་ཐག་པའི་བེ་ཤ་དང་མགོ་བཀད་པའི་བེ་ཤ་བཏུས་ནས་བེ་ཤའི་གསོ་འཕེལ་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད་ཅིང་བེ་ཤའི་ཐོན་ཁུངས་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ནས་བེ་ཤའི་ཐོན་ཚད་དང་སྤུས་ཚད་ལོ་རེ་བཞིན་མར་ཆག་པའི་རྣམ་པ་ཐོན་ཡོད།   བེ་ཤ་ཁྲིམས་འགལ་ངང་འཚོལ་བསྡུ་དང་།  ཕྱིར་འཚོང་། ཉོ་སྒྲུབ།   སྐྱེལ་འདྲེན་དང་།   བེ་ཤའི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།