འཇོལ་རྫོང་གིས་མཐུན་སྒྲིལ་ངང་ཞི་མཐུན་འཕེལ་རྒྱས་ཀྱི་ལེའུ་བརྩམས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


   

     ཉེ་བའི་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ཧུར་ཐག་གིས་སྤེལ་ཡོད་པ་རེད།   ཧུའེ་རིགས།  ལི་སུའུ་རིགས། འཇང་རིགས།  བོད་རིགས་སོགས་མི་རིགས་ཁག་གིས་འཇོལ་རྫོང་དུ་དབུགས་ལམ་གཅིག་གྱུར་དང་།  བདེ་སྡུག་མཉམ་མྱོང་།   གཅིག་སེམས་གཅིག་སྦྲེལ།   སེ་འབྲུ་ལྟར་དམ་པོར་འབྲེལ་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་སེམས་ཟབ།  སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་ཅེས་པ་འཇོལ་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ནས་འདྲ་མཉམ་དང་།  མཐུན་སྒྲིལ། རོགས་རེས།   ཞི་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་དུ་ཕྱིན་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གླུ་དབྱངས་དེ་འཇོལ་རྫོང་དུ་དར་ཁྱབ་ཆེན་པོ་བྱུང་ཡོད།