མི་གཞི་བཟང་པོར་བསྒྱུར་བའི་ཐབས་ལམ་ཡག་པོ་བརྒྱད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-23   རྩོམ་ཁུངས།    ཁམས་པའི་དྲ་བ།

 གཅིག། གུ་ཡངས་བྱེད་དགོས། དཔེར་ན་མི་ཞིག་གིས་ཁྱེད་ལ་མི་སྙན་པའི་སྐད་ཆ་དང་ཟུར་ཟའི་ཚིག་རེ་ལབ་སོང་ན་ཚིག་ངན་དེ་སེམས་ལ་མི་ཤོང་བར་བྱེད་མི་རུང་། མི་དེའི་སྟེང་ཁྲོ་བར་མ་བྱས་ཚེ་དེ་ལ་གུ་ཡངས་ཞེས་བརྗོད་ཆོག།

   གཉིས། ཚིག་རྩོད་སྤང་དགོས། གལ་ཏེ་ཁྱེད་རང་མི་ཞིག་དང་འདོད་ཚུལ་མ་མཐུན་པའི་དབང་དུ་བྱས་ནའང་དེར་ཚིག་རྩོད་མང་པོ་བྱས་ན་རང་གི་མི་གཞིའི་ཀུན་སྤྱོད་ལ་རྨ་འབྱིན་པར་བྱེད་ཀྱིན་ཡོད་པ་ཚོར་དགོས།

   གསུམ། དྲིན་ཆེན་ལ་དྲིན་ལན་འཇལ་དགོས། གཞན་ཞིག་གིས་ཁྱེད་ལ་རོགས་མ་བྱས་ནའང་དེར་ཁོང་ཁྲོ་ཟ་བར་མི་འོས། རང་ལ་དྲིན་ཆེ་བའི་མི་བུ་དག་ལ་དྲིན་ལན་མེད་པ་ནི་ཐ་ཤལ་བའི་བྱ་སྤྱོད་ཡིན་པ་ཤེས་དགོས།

   བཞི། རྒན་པར་གུས་འདུད་ཡོད་དགོས། རང་ཉིད་ལས་ལོ་ན་རྒས་པའི་མི་བུ་ཚོར་གུས་ལུགས་མེད་པའི་ལས་ཀ་རྣམས་དོར་ཏེ་གཞོན་པ་ཚོས་རྒན་པ་ལ་བརྩི་བཀུར་དང་གུས་འདུད་ནི་ཅིས་ཀྱང་བྱེད་དགོས།


   ལྔ། ནམ་རྒྱུན་གཞན་གྱི་སྐྱོན་བཤད་མི་རུང་། ཁྱེད་ཀྱིས་འགྲོ་འདུག་གང་གི་སྐབས་སུའང་དོན་མེད་དུ་གཞན་གྱི་སྐྱོན་བརྗོད་པ་ནི་ཅིས་ཀྱང་དོར་དགོས་པའི་སྤྱོད་ངན་ཞིག་ཡིན་པ་ཧ་གོ་དགོས།

   དྲུག། རྐུ་འཕྲོག་བཅོམ་གསུམ་གྱི་ལས་སྤང་དགོས། མི་ཞིག་ལ་མཚོན་ན་རྐུ་འཕྲོག་བཅོམ་གསུམ་མི་བྱེད་པ་ནི་ཆོས་དང་འཇིག་རྟེན་གང་ཐད་ནས་བཤད་ཀྱང་རྩ་བའི་ཆ་རྐྱེན་ཞིག་ཡིན་པ་ཤེས་པར་བྱས་ནས་ནམ་ཡིན་ཡང་བསྲུང་དགོས།


   བདུན།  དམན་པ་ཚོར་ནུས་ཚད་ཀྱིས་རོགས་བྱེད་དགོས། རང་ཉིད་ཐོབ་ཐང་དང་རིག་གནས། ཡང་ན་དབུལ་ཕྱུག་གང་ཐད་ནས་མཐོ་དམན་ཞིག་ཤོར་ཡོད་ན་རང་ཉིད་ལས་དམན་པ་ཚོར་རོགས་སྐྱོར་རེ་གནང་རྒྱུ་ནི་ཀུན་སྤྱོད་ཡག་པོ་ཞིག་ཡིན་པ་ཤེས་དགོས།

   བརྒྱད། རྒྱུ་ནོར་གྱི་ཆེད་དུ་བརྩེ་དུང་དོར་མི་རུང་། ཁྱེད་ལ་ཆེས་མེད་དུ་མི་རུང་བ་ནི་གྲོགས་པོའི་བརྩེ་སེམས་ཡིན་པ་ལས་རྒྱུ་ནོར་ཡིན་མི་སྲིད། དེའི་ཕྱིར་རྒྱུ་ནོར་དང་སྒོར་མོའི་ཆེད་དུ་གྲོགས་ཀྱི་བར་ལ་དམེ་བྱས་ནས་བརྩེ་བ་ལ་རྒྱབ་འགལ་བྱ་མི་རུང་།