འཇོལ་ཤར་ཏང་གྲོང་ཚོས་ལྗང་མདོག་ཁྱིམ་གཞི་མཉམ་སྐྲུན་མཉམ་སྤྱོད་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


      ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཡུན་ལིན་ཤང་ཤར་ཏང་གྲོང་དམངས་ཨུ་ཡོན་ལྷན་ཁང་ལམ་འཛོམས་གྲོང་ཚོ་ནི་གནས་མཆོག་ཁ་བ་དཀར་པོའི་འདབས་རོལ་དང་རྫ་ཆུའི་འགྲམ་རྒྱུད་དུ་ཆགས་ཡོད།  གྲོང་ཚོ་འདི་ནི་དུད་ཚང་70དང་མི་གྲངས་165ཡོད་པའི་སྲོལ་རྒྱུན་གྱི་བོད་གྲོང་ཆུང་ཆུང་ཞིག་ཡིན་ཞིང་།   ལོ་ངོ་བཅུའི་རིང་གྲོང་མི་ཚོས་རང་འགུལ་ངང་སྒྲིག་འཛུགས་བྱས་ནས་ཤིང་འཛུགས་པ་དང་།  གྲོང་ཚོའི་ས་རྒོད་སྔོ་ལྗང་ཅན་དུ་བསྒྱུར་བར་ཧུར་བརྩོན་བྱས་ནས་གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་ཕྱིན་ཡོད།  ལྗང་མདོག་ཁྱིམ་གཞིས་བསྐྲུན་ནས་བུ་རབས་ཚ་རྒྱུད་ལ་ཕན་པ་བསྐྲུན་རྒྱུའི་བསམ་འདུན་དེ་གྲོང་མི་རེ་རེའི་ཐུན་མོང་གི་འབད་བརྩོན་འོག་གོམ་པ་རེ་རེ་བཞིན་མངོན་འགྱུར་བྱུང་བཞིན་ཡོད།