འབྲི་ཆུའི་ཞུས་ལུང་ཆུ་ཤུཊ་གློག་ཁང་ལ་རྒྱལ་ཁབ་རིམ་པའི་ཞིབ་མཆན་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-21   རྩོམ་ཁུངས།    སེམས་ཀྱིུ་ཉི་ཟླའི་བོད་ཡིག་དྲ་བ།

    ཉེ་ཆར་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་རིང་གཙོ་གནད་ལས་འགོ་ཚུགས་པའི་རྣམ་གྲངས་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་ཞུས་ལུང་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ལ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཞིབ་མཆན་མཆན་འགོད་བཀའ་ལན་ཐོབ་པ་རེད།


     ཞུས་ལུང་ཆུ་ཤུགས་གློག་ཁང་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་འཆར་འགོད་ཀྱི་མཛོད་གཅིག་གི་རིམ་པ13ཡི་གསར་སྤེལ་ཇུས་གཞིའི་ཁྲོད་ཀྱི་རིམ་པ་12་པ་དེ་ཡིན་པ་རེད།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུའི་གཞུང་རྒྱུན་སྟོད་རྒྱུད་ཀྱི་ཆུ་བོའི་དུམ་བུ་ཞིག་ཡིན་པ་དང་འབྲི་ཆུའི་སྟོད་རྒྱུད་དུ་ཡོད་པའི་ཆུ་ཤུགས་གློག་ཁང་ཆེ་ཤོས་ཤིག་ཡིན་ལ། འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་རྗེས་འབྲི་ཆུའི་འབབ་རྒྱུད་དུ་ཞིབ་བཤེར་ཆོག་མཆན་ཐོབ་པའི་ཆུ་ཤུགས་གློག་ཁང་ཆེ་གྲས་ཐོག་མ་དེའང་རེད།རྣམ་གྲངས་ཀྱི་སྤྱིའི་མ་འཇོག་སྒོར་དུང་ཕྱུར་293བཏང་བ་དེ་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་འབྲི་ཆུའི་ཀུང་སིས་འཛུགས་སྐྲུན་བྱས་པ་དང་ཆུ་ཤུགས་གློག་ཁང་གི་འཕྲུལ་འཁོར་4འཁོར་མདའ་བསྲེས་རྒྱུག་རྣམ་པའི་ཆུ་འཁོར་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་པའི་འཁོར་རྐྱང་གི་ཤོང་ཚད་ལ་སྟོང་ཝ་ཁྲི་60ལྡན། སྤྱིའི་གློག་འདོན་འཕྲུལ་འཁོར་ཀྱི་གློག་འདོན་ཚད་སྟོང་ཝ་ཁྲི240ཟིན་ཡོད།གློག་ཁང་བསྐྲུན་རྗེས་སྔོན་དཔག་བྱས་ན་ལོའི་ཆ་སྙོམས་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར་105ཙམ་ཟིན་རྒྱུ་ཡིན་པ་དང་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་315གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་786ཉུང་དུ་གཏོང་ཐུབ་རྒྱུ་རེད།


     འབྲི་ཆུའི་སྟོད་རྒྱུད་ནི་རང་རྒྱལ་གྱི་ཆུ་གློག་ནུས་ཁུངས་རྟེན་གཞི་གལ་ཆེན་ཞིག་ཡིན། ཞུས་ལུང་ཆུ་ཤུགས་གློག་ཁང་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གསར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུའི་གྲུབ་ཆ་སྔར་བས་ལེགས་སུ་བཏང་ནས་ལྗང་མདོག་ནུས་རྒྱུ་སྟོབས་ཆེའི་ཞིང་ཆེན་འཛུགས་སྐྲུན་ལ་རོགས་རམ་བྱས་ཏེ་རྒྱལ་ཁབ་ཀྱི་ཐཱན་གཉིས་དམིགས་ཚད་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།