སང་ཉིན་ནས་བཟུང་ཞོ་རྡོ་མཚོ་རུ་རྐང་ཐང་འགྲོ་རྒྱུར་ཉམས་ལེན་བྱེད་ཆོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ6པའི་ཚེས18་ཉིན་ནས་བཟུང་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཞོ་རྡོ་མཚོ་སྐྱེ་ཁསམ་རྐང་ཐང་འགྲོ་རྒྱུར་ཉམས་ལེན་བྱ་རྒྱུ་ཡིན་པ་རེད། ཉིན་ལྟར་སྒོ་དབྱེ་བའི་དུས་ཚོད་ནི་ཆུ་ཚོད8:30་ནས་ཆུ་ཚོད་12:00བར་ཡིན། (ཉིན་དགུང་ཆུ་ཚོད་12་ཡོལ་ཙམ་ལ་ཞོ་རྡོ་མཚོའི་རྐང་ཐང་འགྲོ་ལམ་སྒོ་རྒྱག་རྒྱུ་ཡིན་པ་རེད།)

       ཞོ་རྡོ་མཚོའི་སྐྱེ་ཁསམ་རྐང་ཐང་ཉམས་ལེན་ཁུལ་གྱི་ཁྱོན་རིང་ཚད་སྤྱི་ལེ་2.2ཙམ་ཡོད་པ་དང་རྐང་ཐང་ལམ་ནི་བྱེ་སའི་ལམ་ངོས་ཡིན་པ་དང་རྐང་ཐང་མར་སྐྱོད་པའི་བརྒྱུད་རིམ་ཧྲིལ་པོར་ཆུ་ཚོད་1ཙམ་འགོར་གྱི་ཡོད་པས་ལམ་བར་དུ་སྦྱར་སྡོང་དང་རི་མཐོའི་ལྕང་མ་སོགས་ལས་གྲུབ་པའི་གནའ་བོའི་ལྗོན་ཤིང་ཁྱུ་ཚོགས་མཐོང་རྒྱུ་ཡོད་པ་དང་། ལྷོ་ནུབ་ཀྱི་ཏེ་ཝེ་སོགས་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་མེ་ཏོག་སྣ་ལྔའི་རྩྭ་ཐང་། རི་སྐྱེས་ལི་ཤི་སོགས་མེ་ཏོག་གིས་བརྒྱན་པའི་སྡོང་ཕྲན་ནགས་རྫོབ་ཡང་མཐོང་རྒྱུ་ཡོད།

      མིག་སྔར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་ཞུགས་པའི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད་8:30ནས་ཕྱི་དྲོའི་ཆུ་ཚོད་16:00བར་སྤ་སེ་ཉོ་རྒྱུ་(སྤ་སེ་མི་རེར་སྒོར་68་དང་རླངས་འཁོར་སྤ་སེ་མི་རེར་སྒོར་70)ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། སྤྱི་གླིང་དུ་མིང་ངོ་མ་འགོད་པའི་ལམ་ལུགས་ལག་བསྟར་བྱས་ནས་སྤ་སེ་ཉོ་བ་དང་སྤྱི་གླིང་དུ་མ་འཛུལ་གོང་ཐོབ་ཐང་ལག་ཁྱེར་དང་དེ་བཞིན་འབྲེལ་ཡོད་དཔང་ཡིག་ལ་བརྟེན་ནས་པོ་ཏ་མཚོའི་གཞུང་དྲ་བ་ནས་སྤ་སེ་ཉོ་ཆོག་པ་རེད།