སློབ་ཐོན་སློབ་མ་ཡོངས་ལ་སྤྲིངས་པའི་སྨོན་འདུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-17   རྩོམ་ཁུངས།    སེམས་ཀྱི་ཞིང་ཁམས།

        སློབ་ཐོན་ནི་མཇུག་རྫོགས་པ་ཞིག་ཡིན་ལ་དེའང་འགོ་གསར་པ་ཚུགས་པ་ཞིག་ཀྱང་ཡིན། ལོ་ངོ་ཁ་ཤས་ཀྱི་ཡར་སྔོན་ལ། ཡུལ་ཕྱོགས་སོ་སོ་ནས་སློབ་རའི་ནང་འཛོམས་ཤིང་།  འདི་ནས་ཤེས་རིག་གི་མངར་ཁ་མྱོང་བཞིན། ལང་ཚོའི་མེ་ཏོག་བཀྲ་ཞིང་། བློ་སྟོབས་ཀྱི་ཁོ་ལག་རྒྱས་ཟིན། ད་ནི་གྱེས་བྲལ་གྱི་དུས་ལ་སླེབས་ཤིང་། ཁ་སང་གི་ཡོད་ཚད་ལོ་རྒྱུས་ཀྱི་དྲན་གསོར་གྱུར་ཟིན། འཛོམས་པ་མི་ཡི་ལས་དབང་ཡིན་ལ། བྲལ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ཟེར་བ་ལྟར། མཛའ་མཐུན་གྱི་སྡོང་པོ་གཅིག་ལ་སྒྲིལ་བའི་ང་ཚོ་འདུ་བྲལ་གྱི་དུས་ཚིགས་འདི་དང་ལྷན་དུ། རང་རང་གི་དམིགས་བྱ་ཞིག་གི་རྡོག་ཐོན་ལ་གྲབས་དགོས་ཤིང་། གྱེས་བྲལ་གྱི་ལས་དབང་ལྡོག་དཀའ་ཡང་། ང་ཚོའི་མཐུན་ལམ་གྱི་མཛའ་བརྩེ་སློབ་གླིང་གི་སྒོ་རའི་ངོས་སུ་ཟུབ་པ་མེད་པར་གནས་ངེས། ང་ཚོ་ནི་དབྱར་ཁ་དེ་ནས་ངོ་ཤེས་ཤིང་། དབྱར་ཁ་འདི་ནས་བྲལ་དགོས་བྱུང་། མ་འོངས་ཀྱི་ལམ་ཁ་ནི་ཚ་སྡུག་འོད་སྟོང་འབར་བ་དང་གཡང་གཟར་གྱི་གྲོག་རོང་ཅི་ཡིན་རུང་། མ་འོངས་ཀྱི་ལམ་ཁ་ནས་ཉི་འོད་དང་མུན་ནག་གང་འཕྲད་ཀྱང་། ཕན་ཚུན་བར་སེམས་གཏིང་ནས་ཁྱེད་ཉིད་ཀྱི་བགྲོད་ལམ་ནམ་ཡང་བཀྲ་ཤིས་པར་གྱུར་བའི་སྨོན་ལམ་ཡོད། དེ་རིང་ང་ཚོ་འགོ་ཚུགས་ས་གསར་པ་ཞིག་ནས། མ་འོངས་པའི་ལམ་དེར་ཡིད་ཆེས་བརྟན་པོས། མདུན་ནས་མདུན་དུ་བསྙེག་དགོས། མི་རིང་བའི་དུས་ཤིག་ལ། ཡང་བསྐྱར་མཇལ་བའི་ཁ་ཆད་ཡོད།

        毕业是个千百万个夏天的故事,千百万个人,千百万个不同的夏天,相同的只是告别。几年前,带着各自的梦想,相聚在校园,一起度过了一段不可复制的旅途,也留下了独一无二的记忆。但我们最终都要各自远行,彼此告别通向更好的远方。不管以后是辉煌还是堕落,是暴雨还是晴天,是风是云,祝福彼此成为更好的自己。我们也相约,在不久的将来,能够再次相见!