བལ་འཐག་མཚོ་སྐྱེ་ཁམས་སློབ་གསོའི་དཔེ་མཛོད་ཁང་སྒོ་ཕྱེས་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་བལ་འཐག་མཚོ་སྐྱེ་ཁམས་སློབ་གསོའི་དཔེ་མཛོད་ཁང་གི་སྒོ་ཕྱེ་མཛད་སྒོ་དེ་བལ་འཐག་མཚོ་ཟ་ཁང་དུ་འཚོགས་པ་རེད། དེ་ནས་དཔེ་མཛོད་ཁང་དངོས་སུ་སྒོ་ཕྱེ་བ་མཚོན་ཡོད།

        བལ་འཐག་མཚོ་སྐྱེ་ཁམས་སློབ་གསོའི་དཔེ་མཛོད་ཁང་ནི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སློབ་གསོའི་རྟེན་གཞིའི་སྒྱུར་བཀོད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་སྤྱིར་བཏང་གི་ཚོད་འཛིན་ཁུལ་དུ་གནས་པ་རེད། བལ་འཐག་མཚོ་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཀྱི་སློབ་གསོའི་ཐོན་ཁུངས་དང་དེ་བཞིན་བལ་འཐག་མཚོ་ཟ་ཁང་གི་ད་ཡོད་སྒྲིག་བཀོད་སྒྱུར་བཀོད་ལ་བརྟེན་ནས་གྲུབ་པ་ཞིག་རེད།

        པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་འགན་འཁུར་བ་ཡིས་དཔེ་མཛོད་ཁང་དངོས་སུ་སྒོ་ཕྱེ་བ་དེས་རྒྱ་ཆེའི་མང་ཚོགས་ལ་རང་བྱུང་ཁམས་དང་ཉེ་བཅར་དང་རང་བྱུང་ཁམས་ཤེས་རྟོགས་ཐུབ་པའི་སྐྱེ་ཁམས་སློབ་གསོ་གཏོང་ཡུལ་ཞིག་མཁོ་འདོན་ཐུབ་ནས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་སྐྱེ་ཁམས་ཤེས་དཔལ་སློབ་གསོ་སྤེལ་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་ཡིན་ལ་བདེ་ཆེན་ས་མཐོའི་བསམ་པའི་འབྲུ་མཛོད་ཅིག་ཏུའང་གྱུར་ནས་མི་རྣམས་ལ་སྤུས་ལེགས་ཀྱི་བསམ་པའི་འཚོ་བཅུད་མཁོ་འདོན་བྱས་ཏེ་བདེ་ཆེན་གྱི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རོགས་བྱ་རྒྱུ་རེད་ཅེས་བཤད་བྱུང་།