སེམས་ཀྱི་ཉི་ཟླའི་དབྱར་ཁའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་6་པའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་མེ་ཏོག་སྣ་བརྒྱ་རབ་ཏུ་བཞད་པ་དང་ལྗོན་ཤིང་སྔོ་ཐིང་ཐིང་དུ་གྱུར་བ། རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ནས་རྩྭ་ཐང་གི་གང་སར་ཁྱབ་ཏེ་མཛེས་སྡུག་གི་རི་མོ་ཞིག་ཏུ་གྲུབ་ཡོད་པས། པོ་ཏ་མཚོ་སྤྱི་གླིང་དུ་ཡོང་མཁན་གྱི་ཡུལ་སྐོར་བ་ནི་ནམ་མཁའི་སྐར་ཚོགས་བཞིན་རྒྱུན་ཆད་མེད་པ་གྱུར་བ་རེད།


    གཟིག་རི་རྩྭ་ཐང་དུ་རྟ་ཞོན་པ་དང་མདའ་འཕེན་པ། དྲན་རྟེན་པར་ལེན་སྒེར་འཁོར་བཏང་ནས་ལྟ་སྐོར་བྱེད་མཁན་གྱི་ཡུལ་སྐོར་བ་ཡང་རྒྱུན་ཆད་མེད་པ་རེད།

    ཟླ་6པའི་སེམས་ཀྱི་ཉི་ཟླར་རི་ཀླུང་ཀུན་ཏུ་རེ་ལྕག་མེ་ཏོག་རབ་ཏུ་བཞད་ནས་ས་གནས་ཁག་གི་ཡུལ་སྐོར་བ་དང་པར་ལེན་ལ་དགའ་པོ་བྱེད་མཁན་ཚོའི་ཡིད་དབང་འཕྲོག་བཞིན་ཡོད།