འཇོལ་རྫོང་གིས་གེ་སར་མདའ་འཕེན་དུས་ཆེན་སྐབས་ལྔ་པ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་6པའི་ཚེས་12ཉིན། ད་ལོའི་འཇོལ་རྫོང་གེ་སར་མདའ་འཕེན་དུས་ཆེན་སྐབས་ལྔ་པ་དེ་འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ་དབུ་ནུབ་སྟེང་གི་མདའ་འཕེན་ར་བར་འགོ་ཚུགས་ཤིང་། མདའ་འཕེན་རྒྱུར་དགའ་མཁན་ཆིག་སྟོང་ཙམ་གྱིས་འཇོལ་རྫོང་དབུ་ནུབ་སྟེང་གཟབ་མཆོར་ལེགས་པར་སྤྲས་ཏེ་འཇོལ་རྫོང་གི་གེ་སར་མདའ་འཕེན་དུས་ཆེན་སྐབས་ལྔ་པར་ཞུགས་པ་རེད།

        སྐབས་འདིའི་འཇོལ་རྫོང་གེ་སར་མདའ་འཕེན་དུས་ཆེན་ཐོག་འཇོལ་རྫོང་གི་སྲོལ་རྒྱུན་གཞུ་ཤིང་ཕུར་པ་མི་སྒེར་དང་ཚོགས་པའི་འགྲན་བསྡུར་སོ་སོར་བྱས་པ་དང་། ཁྱོན་བསྡོམས་འཇོལ་རྫོང་གི་ཤང་གྲོང་ཁག་དང་ས་དམ་ཏ་ལི། ནུའུ་ཅང་བཅས་བོད་ལྗོངས་ཆབ་མདོ་དང་སི་ཁྲོན་བདེ་རོང་སོགས་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ཁྱབ་ཁོངས་སུ་མདའ་འཕེན་རྒྱུར་དགའ་མཁན་མི་608སྒེར་འགྲན་ནང་ཞུགས་པ་དང་།ཚོགས་པའི་འཐུས་མི་40ཚོགས་འགྲན་ནང་ཞུགས་ཡོད།

        ཤེས་རྟོགས་བྱུང་བར་གཞིག་ན་འཇོལ་རྫོང་ལ་མདའ་འཕེན་པའི་སྲོལ་རྒྱུན་ཡོད་ཅིང་། ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མང་ཚོགས་དང་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོས་མདའ་འཕེན་ལ་དགའ་བས་མང་ཚོགས་ཀྱི་རྨང་གཞི་ཟབ་མོ་ལྡན་ཡོད། ལུགས་རྙིང་གི་ཟླ་བ་གཉིས་པ་ནི་གྲོང་སྡེ་མང་པོ་ཞིག་གི་སྲོལ་རྒྱུན་གྱི་མདའ་འཕེན་དུས་ཆེན་ཡིན་པ་དང་། དེ་ནི་སྔོན་ཆད་ཀྱི་མདའ་འཕེན་དུས་ཆེན་ཡིན་ཞིང་། སྐྱེས་པ་རྣམས་ཀྱིས་རང་གིས་བཟོས་པའི་མདའ་གཞུ་ཁུར་ནས་མཉམ་དུ་འཛོམས་ཏེ་མདའ་འཕེན་པ་དང་། མཚན་མོར་ཚང་མས་མེ་ཕུང་བསྐོར་ནས་པི་ཝང་འཐེན་ཏེ་མཚན་གང་བོར་ཞབས་བྲོ་འཁྲབ་པ། མདའ་འཕེན་པའི་དུས་ཆེན་སྤྱིར་བཏང་དུ་ཉིན་3ནས་5བར་རྒྱུན་འཁྱོངས་བྱ་དགོས་ཤིང་།

        ད་ཆ་འཇོལ་རྫོང་གིས་མི་རིགས་ལུས་རྩལ་ལས་དོན་ཤུགས་ཆེན་སྤེལ་ནས་མདའ་འཕེན་རྒྱུ་དེ་འཇོལ་རྫོང་གི་མི་རིགས་སྲོལ་རྒྱུན་ལུས་རྩལ་ཁྱད་ལྡན་རྣམ་གྲངས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་ལ། གེ་སར་མདའ་འཕེན་དུས་ཆེན་དེ་འཇོལ་རྫོང་གི་ལུས་རྩལ་དང་དེ་བཞིན་རིག་གནས་ཀྱི་མིང་བྱང་ཞིག་ཏུ་གྱུར་པ་ནས། སྔ་རྗེས་སུ་ཡུན་ནན་ཞིང་ཆེན་ལུས་རྩལ་ཡུལ་སྐོར་འགྲན་བསྡུར་རྩེ་གྲ་འགྲན་སྐོར་དང་།  ཡུན་ནན་ལུས་རྩལ་རིག་གནས་ཕུལ་བྱུང་རྣམ་གྲངས།  ཀྲུང་གོའི་ལུས་རྩལ་ཡུལ་སྐོར་རྩེ་གྲའི་འགྲན་སྐོར་སོགས་ཀྱི་མཚན་སྙན་ཐོབ་ཡོད། དེ་དང་མཉམ་དུ་འཇོལ་རྫོང་སྲོལ་རྒྱུན་མདའ་འཕེན་གོམས་གཤིས་དེ་ཞིང་ཆེན་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས་སུ་ཞིབ་དཔྱད་གནང་ཡོད།