རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-09   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།
སྲིད་པའི་སྲིད་པ་རྣམ་གསུམ་པོ། །
ཁྱོད་གླུ་བས་བཤད་ན་ཅི་ཞིག་རེད། །
དྲིས་ལན།
མི་སྲིད་སྲིད་པ་རྣམ་གསུམ་པོ། །
བྱ་སྐྱ་ཀའི་མཁྲིས་པ་ཁ་ན་སྲིད། །
སྦྲུལ་ལྟོ་འཕྱེ་རྐང་ལག་ཁོག་ན་སྲིད། །
ཉ་གསེར་མིག་སོག་པ་མགོ་ན་སྲིད། །
གནམ་ས་བར་ནས་སྦྲང་ཆར་སྲིད། །
སྲིད་པའི་སྲིད་པ་རྣམ་གསུམ་པོ། །
རྡོ་ལྕགས་བར་ནས་མེ་སྟག་སྲིད། །
ཤ་ཀོ་བར་ནས་འོ་མ་སྲིད། །
གནས་ས་བར་ནས་སྦྲང་ཆར་སྲིད། །
དྲི་བ།
དམར་ཡག་སྟག་གི་ཕུ་བོ་གསུམ། །
ཁྱོད་གླུ་བས་བཤད་ན་ཅི་ཞིག་རེད། །
དམར་ཡག་སྟག་གི་སོ་བ་གསུམ། །
ཁྱོད་གླུ་བས་བཤད་ན་ཅི་ཞིག་རེད།
དམར་ཡག་སྟག་གི་རུ་འདྲེན་གསུམ། །
ཁྱོད་གླུ་བས་བཤད་ན་ཅི་ཞིག་རེད། །
དྲིས་ལན།
དམར་ཡག་སྟག་གི་ཕུ་བོ་གསུམ། །
ཐོག་དང་འབྲུག་དང་གློག་གསུམ་ཡིན། །
དམར་ཡག་སྟག་གི་སོ་བ་གསུམ། །
རླུང་དང་སྤྲིན་དང་ན་བུན་གསུམ། །
དམར་ཡག་སྟག་གི་རུ་འདྲེན་གསུམ། །
ཆར་བ་སེར་བ་ཁ་བ་གསུམ། །