འཇོལ་རྫོང་གིས་སྔོ་ལྗང་གི་གྲོང་ཚོ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

    ད་ལྟ་ལོ་82ལ་སླེབས་པའི་རྟ་གྲགས་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཡུན་ལིན་ཤང་ཤར་ཏང་གྲོང་ཚོའི་གྲོང་མི་དཀྱུས་མ་ཞིག་ཡིན་པ་དང་།   ཕ་ཡུལ་གྱི་རང་བྱུང་ཁོར་ཡུག་ཇེ་བཟང་དང་འཚོ་བའི་འགྱུར་ལྡོག་གི་རྣམ་པ་མཐོང་དུས།  ཁོང་གིས་དགའ་སྤྲོའི་ངང་ནས་གསརའ་གོད་པར་ད་ནི་རི་མགོར་ཤིང་ཕུང་མང་པོ་བཙུགས་ཡོད་པས་སྔོ་ལྗང་ཅན་དུ་གྱུར་ཡོད་པ་མ་ཟད། རི་རྩ་བརྟན་ཞིང་ང་ཚོ་འཚོ་སྡོད་བྱས་ན་ཡང་སེམས་པ་བདེ་བོ་འདུག་ཅེས་བཤད་བྱུང་།   དེ་ཡང་སྔོན་ཆད་ཡིན་ན།   ཁང་བའི་ཉེ་འཁོར་ཐམས་ཅད་ནི་རི་རྒོད་ཡིན་པ་དང་།   ལམ་བདེ་བོ་ཞིག་ཀྱང་མེད་པས་གང་དུ་སོང་ཡང་ལུས་ལ་ས་རྡུལ་གྱིས་འབྱར་ཡོང་ཞེས་ཁོ་བོས་འདས་ཟིན་པའི་འཚོ་བ་ལ་ཕྱིར་དྲན་ཐེངས་ཤིག་བྱས།  

    ཤར་ཏང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་དོན་གྲུབ་ཀྱིས་བཤད་ན། ད་ལོར་ང་ཚོས་སྡོང་ཕྲུག་ཁྲི་20ཙམ་བཙུགས་ཡོད་པ་དང་ཁོར་ཡུག་ཇེ་ཡག་དུ་སོང་ཡོད་པས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་གཞི་ནས་གདིང་ཤུགས་ཡོད་ཟེར།  ཉེ་འཁོར་གྱི་རི་རྒོད་སྔོ་ལྗང་ཅན་དུ་གྱུར་པ་དང་ཡུལ་སྐོར་བ་ཡང་མང་དུ་ཕྱིན་ཡོད།  གྲོང་ཚོ་དེར་ཞིང་དུད་འགྲུལ་ཁང་50ལྷག་ཙམ་ཡོད་པས་གྲོང་ཚོའི་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད། ན་ནིང་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.8བྱུང་ནས་ད་ལོ་སྒོར་ཁྲི་2ལས་བརྒལ་རེ་ཡོད་ཅེས་བཤད་བྱུང་།  

    འཇོལ་རྫོང་གིས་སྣོད་བཅུད་ཁོར་ཡུག་ལེགས་པ་དང་། སྣོད་བཅུད་ཁོར་ཡུག་དམིགས་བསལ་ཆེ་བ། དེ་བཞིན་ནགས་ཚལ་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆར་གཞི་ཚུགས་པ་དང་། གཟར་ངོས་སུ་སྣོད་བཅུད་བཅོས་སྐྱོང་འདུ་འགོད་དང་རྨོ་བསྐྱུར་ནགས་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་རྣམ་གྲངས་དང་ཟུང་འབྲེལ་བྱས་ནས་རི་ཁུལ་མང་ཚོགས་ལ་འོས་འཚམ་གྱི་ས་ཁུལ་དུ་སྤུས་ལེགས་སྟར་ཀ་དང་། གཡེར་མ། སྐྱུ་རུ་ར་སོགས་ཁྱད་ལྡན་དཔལ་འབྱོར་ནགས་རའི་ཐོན་ལས་བརྟན་པོའི་ངང་ཁྱབ་གདལ་བཏང་ནས་སྣོད་བཅུད་འཛུགས་སྐྱོང་ཐོན་ལས་ཅན་རིམ་བཞིན་མངོན་འགྱུར་བྱ་རྒྱུའི་ལྕག་སྐུལ་ཧུར་ཐག་བྱས་ཡོད། 

图片

    ཉེ་བའི་ལོ་ཤས་རིང་འཇོལ་རྫོང་གིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་གསོ། ནགས་ཚལ་གསོ་སྐྱོང་སོགས་ནགས་ལས་ཀྱི་གཙོ་གནད་ལས་གྲྭ་ལག་ལེན་ནུས་ལྡན་བསྟར་ནས་གྲོང་ཁྱེར་མཛེས་ཤོས་དང་། གྲོང་རྡལ་མཛེས་ཤོས། གྲོང་ཚོ་མཛེས་ཤོས།  ཁྱིམ་ཚང་མཛེས་ཤོས་ཀྱི་མཛེས་སྡུག་བཞི་བཅས་གཏོད་རྒྱུ་ཏན་ཏིག་ངང་སྤེལ་བ་དང་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྒྱ་ཁྱབ་ངང་ཞུགས་རྒྱུའི་སྐུལ་སློང་བྱས་པས་མི་སྡོད་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་ཡོད་པ་རེད། འཇོལ་རྫོང་གིས་རང་བྱུང་ནགས་ཚལ་དོ་དམ་སྲུང་སྐྱོང་གི་འགན་འཁྲི་དུད་ཚང་ཚང་མར་ཐད་ཀར་དོན་འཁྱོལ་བྱས་ནས་རི་སྟེང་གི་ས་ཆར་ཁག་བགོས་བྱས་ཏེ་འགན་འཁྲི་དང་། དབང་ཆ། ཁེ་ཕན་བཅས་ཟུང་འབྲེལ་བྱས་ནས་ནགས་ཚལ་དོ་དམ་སྲུང་སྐྱོང་གི་དོ་དམ་བྱ་ཤུགས་ཆེ་རུ་བཏང་སྟེ་ནགས་ཚལ་ཚང་མར་དོ་དམ་བྱེད་མཁན་བྱུང་ཡོད་པ་རེད།