བདེ་ཆེན་གྱི་ནགས་ཚལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.71ལ་ཟིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཉེ་བའི་ལོ་ཤས་རིང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་སྲུང་། ཕྱུགས་བསྐྱུར་རྩྭ་སྲུང་སོགས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལག་བསྟར་ནན་ཏན་བྱས་པས།  བདེ་ཆེན་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་180ཟིན་པ་དང་ནགས་ཚལ་ཁེབས་ཚད་1998་ལོའི་65.4%་ནས་ད་ཆའི་77.63%་བར་མཐོ་རུ་ཕྱིན་ཡོད་པ་རེད། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.71ཡོད་དེ། ཡུན་ནན་ཞིང་ཆེན་གྱི་ནགས་ཚལ་ཐོན་ཁུངས་ཀྱི་རྒྱ་ཁྱོན་བཟུང་ཚད་ཆེ་ཤོས་དང་འཕར་ཚད་མགྱོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བདེ་ཆེན་ཁུལ་གྱིས་ལས་བཟོ་ཡོངས་ལ་སྐུལ་སློང་དང་དམངས་ཡོངས་ལ་སྐུལ་སློང་བྱས་པ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲིག་འཛུགས་དང་སྐུལ་སློང་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་ལམ་སྲོལ་གསར་གཏོད་ཀྱིས། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཡོངས་འོས་འགན་ཤིང་འཛུགས་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་འཕེལ་བ་བྱས་པ་རེད། སྔོ་ལྗང་མཛེས་སྡུག་ལྡན་པའི་བདེ་ཆེན་གྱི་འཆར་འགོད་མ་ལག་འཛུགས་སྐྱོང་ལ་སྤྱི་འདོམས་ཡག་པོ་བྱས་ཤིང་། གདེང་འཇོག་དམིགས་ཚད་མ་ལག་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་ཏེ་ལས་ཁུངས་དང་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་ལྗང་མཛེས་བཟོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཏུ་འགྲམ་བཞི་ཤིང་འཛུགས་དང་སྒོ་ར་སྔོ་ལྗང་ཅན་དུ་འགྱུར་རྒྱུར་སྐུལ་མ་བཏང་ནས། གྲོང་ཁྱེར་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཇེ་ལེགས་དང་རིམ་སྤོར་བྱས་ཡོད། ཁྱད་ཆོས་ལྡན་པའི་དཔལ་འབྱོར་ནགས་ཚལ་གྱི་ཤིང་འབྲས་དང་། སྨྱུག་མའི་མེ་ཏོག་ནགས་འོག་དཔལ་འབྱོར། ནགས་ཚལ་ཁམས་གསོ་སོགས་ལྗང་མདོག་དམངས་ཕྱུག་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ཤ་མོང་སོགས་ནགས་འོག་ཐོན་རྫས་གསོ་སྤེལ་དང་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་ནན་པོ་བྱས་ཏེ་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་འགན་འཁྲི་ཚེ་གང་བདའ་འདེད་གཏོང་བའི་ལམ་ལུགས་ལག་བསྟར་བྱས་ནས། སྣོད་བཅུད་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་རིམ་པ་ལྔ་པའི་འགན་འཁྲི་ནན་དུ་བཏང་སྟེ་ནགས་ཚལ་མེ་སྐྱོན་ཚབས་ཆེན་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་རེད།