སློབ་གྲོཊ་ཚོ་སེམས་བདེ་གནོངས་དང་། ཁྱེད་ཚོ་ལ་ཕུཊ་འདུན་སྲུང་བའི་དཔུང་དམག་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དེ་རིང་2022ལོའི་མཐོ་རྒྱུགས་དངོས་སུ་འགོ་ཚུགས་ཤིང་། བདེ་ཆེན་གྱི་མཐོ་རྒྱུགས་སློབ་མ་2086རྒྱུགས་རར་བསྐྱོད་དེ་ཐག་གཅོད་དམག་འཐབ་ཀྱི་མཐོ་རྒྱུགས་བཏང་ནས་མི་ཚེའི་རྒྱུགས་ཆེན་ཞིག་ལ་ཁ་གཏད་གཅོག་གི་ཡོད། 

ཆུ་ཚོད་7དང་སྐར་མ་10ཡི་ཐོག་ཁུལ་མི་རིགས་སློབ་འབྲིང་གིས་སློབ་ཁུལ་བྱང་མའི་སྤོ་ལོ་ཐང་དུ་མི་སེམས་འགུལ་བའི་རྒྱུགས་ཞུགས་སློབ་མ་རྒྱུགས་རར་སྐྱེལ་བ་དང་སྐུལ་མ་བྱེད་པའི་མཛད་སྒོ་སྤེལ་བ་རེད།

རྒྱུགས་ཞུགས་སློབ་མ་རྣམས་རླབས་འཁོར་ལ་འདུག་བཞིན་པ།

   རྒྱུགས་ཞུགས་སློབ་མ་བརྩེ་བས་སྐྱེལ་བ།ད་ཐེངས་ཀྱི་་རྒྱུགས་ཞུགས་སློབ་མ་བརྩེ་བས་སྐྱེལ་བའི་རླངས་འཁོར་རུ་ཁག་དེ་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཚོགས་པའི་སེམས་ཀྱི་ཉི་ཟླ་འགྲུལ་སྐྱེལ་ཡན་ལག་ཀུང་སི་དང་འབའ་ལྷག་དཀར་རྫོང་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སི། ཁུལ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སི། པོ་ཏ་མཚོ་འགྲིམ་འགྲུལ་ལས་རིགས་ཡན་ལག་ཀུང་སི་སོགས་ཁེ་ལས་ཀྱི་འགན་ཁུར་ཡོད་པ་རེད།

འགྲིམ་འགྲུལ་ཉེན་རྟོག་པས་སློབ་མའི་བདེ་འཇགས་སྲུང་སྐྱོབ་བྱེད་བཞིན་པ།

    འགྲིམ་འགྲུལ་ཉེན་རྟོག་པས་ཕུགས་འདུན་གྱི་སྲུང་དམག་བྱས་པ། ཚེས་7ཉིན་གྱི་ཉིན་དེར་ཁུལ་སྤྱི་བདེ་སྡེ་ཚན་གྱི་བཀོད་སྒྲིག་འོག་ཉེན་རྟོག་སྡེ་ཚན་ཁག་གིས་རང་འགན་རང་འཁུར་བྱས་ཏེ་རྒྱུགས་ར་དང་དེ་བཞིན་མཐའ་འཁོར་གྱི་ཁོར་ཡུག་བདེ་འཇགས་སྔོན་འགོག་ཚོད་འཛིན་བྱས་ཏེ། བདེ་འཇགས་དང་གོ་རིམ་ལྡན་པའི་ངང་རྒྱུགས་ལ་ཞུགས་ཐུབ་པར་འགན་སྲུང་བྱས།

ཁུལ་བཟོ་འཕྲིན་ཅུས་ཀྱིས་གློག་འཕྲིན་བདེ་འཇགས་ལ་འགན་སྲུང་བྱེད་བཞིན་པ།

    ཁུལ་བཟོ་འཕྲིན་ཅུས་ཀྱི་ལས་དོན་མི་སྣས་སྒྲིག་ཆས་བཀོལ་སྤྱོད་བྱས་ནས་སྐུད་མེད་གློག་འཕྲིན་གྱི་བདེ་འཇགས་ཞིབ་དཔྱད་ཚད་ལེན་བྱེད་བཞིན་ཡོད་ལ། སྐུད་མེད་གློག་འཕྲིན་གྱི་སྒྲིག་ཆས་དང་ལག་རྩལ་སྤྱད་དེ་ཡིག་རྒྱུགས་གཡོ་ལས་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་མཐོ་རྒྱུགས་ཀྱི་དབང་གྲགས་རང་བཞིན་དང་དྲང་གཞག་རང་བཞིན་སྲུང་སྐྱོང་བྱེད་བཞིན་ཡོད། 

ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རིམས་འགོག་ནན་སྲུང་བྱས།

    ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་འགན་ལེན་མི་སྣ་སྐོང་འཐེན་བྱས་ནས་སོ་ལྟ་བྱེད་ས་ཁག་ཏུ་བསྐྱོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་ལེན་ལས་དོན་ལ་དམ་འཛིན་ནན་པོ་བྱས།