ཟླ་6པའི་ནང་ང་ཚོས་འདི་དག་རེ་སྒུག་བྱེད་ཆོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-06   རྩོམ་ཁུངས།    མི་དམངས་དྲ་བ།


        གནམ་དཔྱད་སྔོན་བརྡ་ལས་མཚོན་པར་གཞིགས་ན། ཟླ་6པར་གནམ་རིག་ལ་དགའ་པོ་བྱེད་མཁན་ཚོས་རེས་འགྲོགས་ཟླ་སྐར་དང་ཉ་གང་ཟླ་བ་སོགས་ཀྱི་ལྟད་མོ་ལྟ་བའི་གོ་སྐབས་ཡག་པོ་ཡོད།

        གསར་འགོད་པས་པེ་ཅིང་གནམ་རིག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། པེ་ཅིང་གི་དུས་ཚོད་ཟླ་6ཚེས་23ཉིན་གྱི་ནམ་གུང་ཆུ་ཚོད་1པོའི་རྗེས་སུ་སྐར་མ་མིག་དམར་དེ་ཟླ་བའི་འགྲམ་དུ་ཐོན་ནས་སྐར་མ་མིག་དམར་དང་ཟླ་བ་མཉམ་དུ་འཆར་བའི་རྣམ་པ་ཐོན་རྒྱུ་རེད། སྐབས་དེ་དུས་ཟླ་བ་ཕྱེད་ཀ་ཞིག་དང་ཁ་མདོག་ཅུང་ཙམ་དམར་པོར་གྱུར་བའི་སྐར་མ་མིག་དམར་ཤར་ཕྱོགསས་ནས་འཆར་བ་དང་། གསལ་ཚད་ལ་0.5ཡོད། མིག་དང་ཡང་ན་རྒྱང་ཤེལ་གྱིས་མཐོང་ཐུབ་པས་སྣང་ཚུལ་ཡ་མཚན་པ་ཞིག་ཡིན།

图片

        ཉིན་གཉིས་རྗེས་ཀྱི་ཟླ་6ཚེས་25ཉིན། སྐར་མ་གནམ་རྒྱལ་གྱི་ཉེ་འགྲམ་དུ་ཟླ་བ་འཁོར་བ་དང་། ཉིན་དེའི་ནམ་གུང་ཆུ་ཚོད་2པ་ནས་བཟུང་། ཀྲུང་གོའི་མངའ་ཁོངས་སུ་ལྟ་ཞིབ་བྱེད་མཁན་གྱིས་སྐར་མ་གནམ་རྒྱལ་དང་ཟླ་བ་བྱང་ཤར་ཕྱོགས་ནས་ཤར་བ་མཐོང་ཐུབ། ཞོགས་པའི་ཆུ་ཚོད་6པའི་སྔ་རྗེས་སུ་དེ་གཉིས་བར་ཐག་ཉེ་ཤོས་ཡིན་པ་རེད། ཉིན་དེར། སྐར་མ་གནམ་རྒྱལ་གྱི་གསལ་ཚད་ནི་5.8ཡིན་པ་དང་། གསལ་ཚད་ཧ་ཅང་དམའ་མོད། འོན་ཀྱང་མི་རྣམས་ཀྱིས་གནམ་རིག་རྒྱང་ཤེལ་སྤྱད་ནས་སྐར་མ་གནམ་རྒྱལ་གྱི་གཟུགས་བརྙན་མཐོང་ཐུབ།

        ཉིན་གཅིག་རྗེས་ཀྱི་ཚེས་26ཉིན་གྱི་ནམ་གུང་ལ་སྐར་མ་པ་སངས་ཀྱི་ཉེ་འགྲམ་དུ་ཟླ་བ་འཁོར་བ་དང་། ཉིན་དེར་སྨིན་དྲུག་ཡང་ཟླ་བ་དང་ཉེ་སར་ཡོད། མཚན་མོའི་མཁའ་དབྱིངས་སུ་སྐར་མ་པ་སངས་དང་སྐར་མ་སྨིན་དྲུག་ཟླ་བའི་གྲོགས་སུ་བྱས་པའི་རྣམ་པ་གྲུབ་ཡོད།

图片

        ཚེས་27ཉིན་གྱི་ནམ་གུང་ལ་ཟླ་བ་ཡང་བསྐྱར་ཉི་མའི་ཕྱོགས་སུ་འགུལ་སྐྱོད་ཅུང་ཟད་བྱས། དེ་དུས་སྐར་མ་པ་སངས་དང་སྐར་མ་སྤེན་པ་གཉིས་ནི་ཟླ་བའི་གཡས་གཡོན་དུ་ཡོད་ཅིང་། སྐར་མ་པ་སངས་དང་སྐར་མ་སྤེན་པ་གཉིས་ཟླ་བ་དང་མཉམ་དུ་ཡོད་པའི་རྣམ་པ་མཐོང་། སྐར་མ་པ་སངས་སྙོམ་ངོས་དམའ་བས། ད་ཐེངས་སྐར་མ་ཟུང་གིས་ཟླ་བ་གྲོགས་སུ་བྱེད་པ་མཐོང་མིན་ནི་ཚང་མས་སྐར་མ་སྤེན་པ་རྙེད་ཐུབ་མིན་ལ་རག་ལས་ཡོད།

图片

        གཞན་ཡང་། པེ་ཅིང་གི་དུས་ཚོད་ཟླ་6ཚེས་14ཉིན་གྱི་ཆུ་ཚོད་19དང་སྐར་མ་52ཐོགང་ཚོས་ད་ལོའི་ཉ་གང་ཟླ་བ་ཆེ་ཤོས་ཏེ“ཟླ་བ་ཆེན་མོ”མཐོང་ཐུབ་རྒྱུ་རེད།