མེ་ཏོག་རྣམ་པར་བཀྲ་བའི་སུམ་རྩེན་གླིང་གི་སྐོར་ལམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དབྱར་ཟླ་དྲུག་པ་ཚེས་པ་ན། བདེ་ཆེན་མཐོ་སྒང་དུ་ཡང་དབྱར་གྱི་རྩི་ཏོག་རྒྱས་ཤིང་ས་གཞི་མེ་ཏོག་གིས་བཀྲས་པས། དུས་ཚིགས་བཞི་ལས་ཆེས་སྐྱིད་པའི་དུས་སུ་སླེབས་པ་རེད། སྐབས་འདི་ཡང་ས་གནས་མང་ཚོགས་དང་ཡུལ་སྐོར་བས་རི་འཛེག་དང་གླིང་ག་གཏོང་བའི་དུས་ཚིགས་ཤིག་ཀྱང་ཡིན་པ་རེད། 

    ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས་དགའ་ལྡན་སུམ་རྩེན་གླིང་ལ་ཕྱི་སྐོར་དུ་ཡོང་མཁན་ཇེ་མང་ནས་ཇེ་མང་ཡིན་པ་རེད།  ཉེ་སྔོན་སྐོར་རར་འགྲོ་སའི་སྐོར་ལམ་གྱི་ལོགས་གཉིས་སུ་སྐྱུར་མོའི་མེ་ཏོག་རྣམ་པར་བཀྲ་ལ། སྤང་ཐོག་ཏུ་ཡང་སེར་ཆེན་མེ་ཏོག་དང་རེ་ལྕག་མེ་ཏོག དུང་མང་མི་ཐོགས་པའི་མེ་ཏོག་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་ཡོད་ལ།  མེ་ཏོག་གི་དྲི་ཞིམ་རི་ལུང་ཀུན་དུ་ཁྱབ་འདུག   

    རི་ཁྲོད་ཕུག་གི་སྤང་ཐང་ཡངས་པོ་དེར་ཡང་སྐོར་རར་འགྲོ་མཁན་སྐོར་རེ་བྱིས་པ་དང་མཉམ་དུ་རྩེད་བཞིན་ཡོད་ལ། འགའ་རེས་གོར་གོར་བྱས་ནས་གླེག་མོལ་བྱེད་བཞིན་ཡོད་ལ། མཚམས་མཚམས་སུ་དགོད་ལྷིང་ལྷིང་རེ་བྱེད་བཞིན་པ་ཐོས་ཐུབ་སྟེ། སྐོར་ལམ་འདིར་ཞི་མཐུན་དང་སྤྲོ་སྐྱིད་ཀྱི་སྣང་བ་ཞིག་གིས་ཁེངས་འདུག།