སློབ་འབྲིང་སློབ་མ་5ཆུ་རྐྱལ་ས་ནས་ཆུས་ཁུར་སོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-05   རྩོམ་ཁུངས།    མི་དམངས་དྲ་བ།

        ཉེ་ཆར། ཧུའུ་པེ་ཞིང་ཆེན་ཅང་ལིང་རྫོང་ཚོད་ལྟའི་སློབ་འབྲིང་གི་ལོ་རིམ་བདུན་པའི་སློབ་མ་5འབྲི་ཆུའི་ཆུ་ཁོངས་ཀྱི་ཐེ་ཉུའུ་ཅི་ཆུ་ལམ་དུ་ཆུ་རྐྱལ་བར་བསྐྱོད་པ་དང་། གཏིང་སར་བརྐྱལ་ནས་ཆུས་ཁུར་ཅིང་མིག་སྔར་གར་སོང་ཆ་མེད་དུ་གྱུར། ཉེན་བརྡ་འབྱོར་རྗེས་རྫོང་སྤྱི་བདེ་དང་། འབྲི་ཆུའི་མཚོ་དོན་སོགས་ཚན་པའི་མི་སྣས་འཕྲལ་མར་མྱུར་སྐྱོབ་བྱས་པ་དང་། ཡུལ་དངོས་སུ་འཚོལ་སྐྱོབ་གྲུ་གཟིངས་8དང་ཆེད་ལས་རོགས་སྐྱོབ་མི་སྣ་70ལྷག་སྒྲིག་འཛུགས་བྱས་ནས་གཙང་རྒྱུད་དང་གཙང་འགྲམ་དུ་འཚོལ་སྐྱོབ་བྱས་པ་རེད། འབྲེལ་ཡོད་གནས་ཚུལ་བརྟག་དཔྱད་བྱེད་བཞིན་ཡོད།