མཐོ་རྒྱུགས་སྔོན་དུ་སློབ་མའི་གནོན་ཤུགས་ཇི་ལྟར་སེལ་དགོས་སམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-04   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ཉེ་དུས། གསར་འགོད་པས་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་ཚོས་མཐོ་རྒྱུགས་མ་བཏང་གོང་སེམས་པ་ལྷོད་དུ་ཇི་ལྟར་གཏོང་དགོས་མིན་ཐད་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སེམས་ཁམས་སྨན་པ་ཧྲའོ་ཕུང་ཧྥེ་ལ་བཅར་འདྲི་ཞུས་པ་ཡིན།

        གཅིག མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་ཚོས་མཐོ་རྒྱུགས་མ་བཏང་གོང་སེམས་པ་ལྷོད་དུ་ཇི་ལྟར་གཏོང་དགོས་སམ།

        ལན། རྒྱུགས་སྤྲོད་སློབ་མར་མཐོ་རྒྱུགས་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་དངངས་སྐྲག་ལངས་པ་དང་། སེམས་རྣལ་དུ་འབེབས་མི་ཐུབ་པ། གཉིད་ཡག་པོ་མི་ཁུག་པ་སོགས་ཀྱི་སྣང་ཚུལ་ཐོན་སྲིད་པས། སློབ་མ་ཚོས་སེམས་ཁྲལ་ཆེན་པོ་མ་བྱས་པར་སློབ་སྦྱོང་བྱེད་སྟངས་དང་། དུས་ཚོད་བཀོད་སྒྲིག་བྱེད་སྟངས། ཡིག་རྒྱུགས་ལ་ངོས་འཛིན་བྱེད་སྟངས་སོགས་ཀྱི་ཐད་ལ་འགྱུར་བ་བཏང་ཚེ། སྣང་ཚུལ་འདི་རིགས་མི་ཐོན་པ་བྱེད་ཐུབ།

        གཉིས། གཉིད་ཡག་པོ་མི་ཁུག་ཚེ་ཇི་ལྟར་བྱེད་དགོས།

        ལན། རྒྱུགས་སྤྲོད་སློབ་མ་ཚོས་དབུགས་རིང་པོ་གཏོང་བ་སོགས་བྱེད་པའམ་ཡང་ན་རང་ཉིད་ཀྱི་དགེ་རྒན་དང་། གྲོགས་པོ། ནང་མི་བཅས་དང་ཅི་འཕྲོས་མོལ་འཕྲོས་བཤད་ནས་གནོན་ཤུགས་ཆུང་དུ་གཏོང་ཐབས་བྱེད་དགོས། འདི་ལྟར་བྱས་ན་གཉིད་ཡག་པོ་ཁུག་ཐུབ།

        གསུམ། གནོན་ཤུགས་ཆུང་དུ་གཏོང་ཐབས་གང་འདྲ་ཡོད་དམ།

        ལན། དལ་པོའི་སྒོ་ནས་སྤྱི་ལེ་2ཙམ་རྒྱུག་ཤར་གློད་པའམ་ཡང་ན་ཁ་བུབ་ལག་བཙུགས་སྒྲེང་འགུག་ལུས་རྩལ་ཐེངས་30ཙམ་བརྩེས་ན། གཟུགས་པོའི་ངལ་དུབ་སེལ་ཐུབ་ལ་གནོན་ཤུགས་ཀྱང་ཆུང་དུ་གཏོང་ཐུབ་པ་མ་ཟད། གཟུགས་པོར་སྦྱོང་བརྡར་ཡང་ཐེབས་ཀྱི་རེད།

        ཤ་ཚའི་དྲན་སྐུལ།

        ཁོང་གིས་ད་དུང་རྒྱ་ཆེའི་ཁྱིམ་བདག་དང་རྒན་ལགས་ཚོར་དྲན་སྐུལ་ཞུས་པར། མཐོ་རྒྱུགས་ལ་ངོས་འཛིན་ཡང་དག་བྱེད་དགོས་པ་ལས། རང་ཉིད་ཀྱི་སེམས་ཁྲལ་དེ་སློབ་མ་དང་ཕྲུ་གུར་གཏན་ནས་ཤོད་རྒྱུ་མེད་པ་དང་། ཡིག་རྒྱུགས་གལ་ཆེན་པོ་ཡོད་ལུགས་ཀྱང་མ་གླེང་ན་ལེགས། དེ་བས། སློབ་མ་རྣམས་སེམས་ལྷོད་ལ་བབས་ནས་ཡིག་རྒྱུགས་ལ་ཞུགས་ཐུབ་པ་བྱས་ཚེ། སྦྱངས་འབྲས་ཡག་པོ་ལེན་ཐུབ་པའམ་རྣམ་ཀུན་ལས་ཀྱང་ཡག་པ་ལེན་ཐུབ།