སེམས་ཀྱི་ཉི་ཟླས་དྲ་ཐོག་ནས་ལྔ་བའི་རྟ་རྒྱུག་བསུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དེ་རིང་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་2022ལོར་བཀྲ་ཤིས་པའི་བདེ་ཆེན་ཞེས་པའི་དྲ་ཐོག་རྟ་རྒྱུག་འགྲན་བསྡུར་གྱིས་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའི་སེམས་ཀྱི་ཉི་ཟླའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་འགྲན་བསྡུར་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡ་ལ་སོ་རྟ་རྒྱུག་ཐང་དུ་འཚོགས་པ་རེད།

        གཉེར་མཚམས་བཞག་ནས་ལོ་གཉིས་སོང་རྗེས་བདེ་ཆེན་ཁུལ་གྱིས་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་(གྲོང་ཁྱེར)། རྫོང་བཅས་རིམ་པ་བཞིའི་མཉམ་འདྲེས་སྨྱན་སྦྱོར་གྱིས་ཐད་གཏོང་བྱས་ཏེ་དྲ་ལམ་ནས་ལྔ་པའི་ཚེས་ལྔའི་རྟ་རྒྱུག་ཐེངས་དང་པོ་གཉེར།

        རྟ་རྒྱུག་ཕོ་རྒོད་ཀྱི་གླུ་གཞས་ཅེས་པའི་སྤྲོ་སེམས་ཀྱི་འགྱུར་ཁུག་དང་བསྟུན་ནས་རྟ་རྩལ་པ་ཚོས་ལག་ཏུ་རྟ་ལྕག་གཡུག་པ་དང་གླག་རྒོད་ལྟར་ལུས་པོ་བརྐྱངས་ནས་དོ་མཉམ་དང་འདེགས་སྐྱོར། ལུས་པོ་འཕུར་བ་ལྟར་རྟ་ལ་ཞོན་པ། ཁ་བཏགས་འབུལ་བ་སོགས་ཀྱི་རྟ་རྩལ་ལྟ་བས་མི་ངོམས་པར་གྱུར་ཏེ་མི་རྣམས་ཀྱི་མིག་ལ་སྤྲོ་སྣང་བསྩལ་ཞིང་ལྟད་མོ་བས་དགའ་འབོད་ཡང་ཡང་ཐོབ།


        ལྔ་པའི་ཚེས་ལྔའི་རྟ་རྒྱུག་འགྲན་བསྡུར་ནི་ང་ཚོ་བོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་ཞིག་ཡིན་ལ། ལོ་གཉིས་འགོར་རྗེས་སུ་རྟ་རྒྱུག་འགྲན་བསྡུར་གྱི་བྱེད་སྒོ་སླར་ཡང་སྤེལ་ཐུབ་པས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་ཤིང་བདེ་སྐྱིད་ལྡན་པའི་ཚོར་སྣང་བྱུང་། ས་གནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་གྲོང་མི་པདྨ་ཡིས་དེ་ལྟར་བཤད།  


        པི་ཝང་གི་སྒྲ་དབྱངས་དང་། གླུ་དབྱངས་དང་རོལ་མོ། དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ། མི་རྣམས་ཀྱིས་ལག་ཟུང་གཡུག་གཡུག་བྱེད་བཞིན་འཁྲུག་ཆ་དོད་ཅིང་དགའ་སྤྲོའི་རྣམ་པ་འདིའི་ཁྲོད་དུ་ཚང་མ་དགའ་སྤྲོས་བཟི་འདུག