བ་དམ་འདག་གུ་འདི་མྱུར་དུ་ཟ་མཚམས་ཞོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-03   རྩོམ་ཁུངས།    མི་དམངས་དྲ་བ།

        འགག་སྒོ་སྤྱི་ཁྱབ་ལས་ཁུངས་ཀྱི་དྲ་ཚིགས་ཐོག་ཟླ་5ཚེས་31ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཟས་རིགས་ཐོན་སྐྱེད་ཁེ་ལས་ The J.M.Smucker Co. ཡིས་ཧྲ་མོན་ཧྲི་འབུ་ཕྲའི་སྦགས་བཙོག་ཐེབས་དོགས་ཡོད་པས་རང་འགུལ་ངང་Jifརྟགས་ཅན་གྱི་བ་དམ་འདག་གུ་ཁག་ཅིག་ཕྱིར་བསྡུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཨ་རིའི་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ངོས་འཛིན་བྱས་པ་བརྒྱུད། ཕྱིར་བསྡུའི་ཐོན་རྫས་དེ་ཨ་རིའི་J.M.Smuckerཀུང་སིས་ཁེན་ཐ་ཅི་མངའ་སྡེ་ཡི་ལེ་ཁེ་ཞིང་ཏུན་བཟོ་གྲྭས་ཐོན་སྐྱེད་བྱས་པ་དང་། མཆན་རྟགས་ཀྱི་སྔོན་གྱི་གྲངས་ཀ་བདུན་ནི་1274425ནས་2140425བར་ཡིན་པ་མ་ཟད། ཨང་5པ་ནས་7པ་ནི་425རེད།

        ཞིབ་དཔྱད་བྱས་པ་བརྒྱུད། གོང་གསལ་གྱི་ཐོན་རྫས་ཁག་ནང་སྤྱིར་བཏང་གི་ཉོ་ཚོང་བརྒྱུད་ནས་ཀྲུང་གོར་ཕྱིར་གཏོང་བྱས་པ་དང་། ནང་འདྲེན་ཚོང་པ་ནི་ཝོའར་མའི(ཀྲུང་གོ)དངུལ་འཇོག་ཚད་ཡོད་ཀུང་སི་ཡིན། ནང་འདྲེན་ཚོང་པས་རང་འགུལ་ངང་ཕྱིར་བསྡུ་བྱེད་འགོ་ཚུགས། ཕྱིར་བསྡུའི་འབྲེལ་གཏུག་ཁ་པར་ནི400-830-1366རེད། 

        འགག་སྒོ་སྤྱི་ཁྱབ་ལས་ཁུངས་ཀྱིས་འཛད་སྤྱོད་པར་དྲན་སྐུལ་བྱ་རྒྱུར།

        གཅིག གོང་གསལ་ཚོང་རྟགས་ཀྱི་འབྲེལ་ཡོད་ཁག་གྲངས་ཀྱི་བ་དམ་འདག་གུ་མ་ཉོ།

        གཉིས། དྲ་ཐོག་ནས་ཉོས་པའམ་ཡང་ན་གཞན་གྱིས་བྱིན་པ་སོགས་བྱ་ཐབས་གང་རུང་བརྒྱུད་ནས་ཐོབ་པའི་འབྲེལ་ཡོད་ཁག་ཐེངས་ཀྱི་བ་དམ་འདག་གུ་མྱུར་དུ་ཟ་མཚམས་འཇོག་དགོས།