ཤི་ཀྭ་པགས་པ་ནི་དབྱར་དུས་བདེ་ཐང་གི་མཆོག་སྨན་ཡིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-02   རྩོམ་ཁུངས།    གསོ་རིག་འཕྲིན་སྟེགས།

1. ཟ་འཁྲུག་འཇགས་པ།

དབྱར་ཁ་ཚ་བ་ཆེ་བའི་སྐབས་རྔུལ་ཆུ་ཐོན་ནས་ཚ་ཐོར་སྐྱེ་བདེ་པོ་ཡོད། དེའི་སྐབས་ཤི་ཀྭ་ཡི་པགས་པ་གཙང་མར་བཀྲུས་རྗེས་ངོས་དཀར་པོ་དེ་ཟ་འཁྲུག་ལངས་སར་འཕུར་ན་གྲང་སིལ་སིལ་གྱི་ཚོར་སྣང་ཞིག་ཡོང་གི་ཡོད་ལ། འདི་ལྟར་ཉིན་གསུམ་བསྟུད་མར་འཕུར་ན་ཟ་འཁྲུག་འཇགས་པར་ཕན་ནུས་ཧ་ཅང་ཆེའོ། 

2. སོའི་ན་ཟུག་འཇགས་པ།  
ཀྲུང་ལུགས་ཀྱི་ངོས་ནས་བཤད་ན། ཤི་ཀྭ་ཡི་པགས་པས་ཚ་བ་དང་སྐོམ་པ་སོགས་སེལ་ཐུབ་ཀྱི་ཡོད། ཤི་ཀྭ་ཡི་པགས་པ་སྐམ་པོ་ཆགས་རྗེས་འཁྱགས་པ་ཏོག་ཙམ་དང་མཉམ་དུ་ན་ཟུག་རྒྱག་སའི་སོའི་ངོས་སུ་འཕུར་ཚེ་ན་ཟུག་འཇོམས་ཐུབ། 
3. ཁ་སྦུག་སྨུག་པོའི་ནད་བཅོས་ཐུབ། 
གལ་ཏེ་ཁ་ནང་དུ་ཆུ་ཐོར་སྐྱེས་པའམ་ཁ་སྦུག་སྨུག་པོའི་ནད་ཡོད་ན་ཤི་ཀྭ་ཡི་པགས་པ་འཚིག་རིལ་བཏང་ནས་ཞིབ་མོར་བཟོས་རྗེས་ཁའི་ནང་བླུགས་ཚེ། ཁ་ནང་གི་རྨ་གསོ་ཐུབ། གཞན་ཡང་རྒྱུན་དུ་ཤི་ཀྭ་པགས་པ་དང་སྲན་མ་མཉམ་དུ་བཀོལ་ནས་དེའི་ཁུ་བ་བཏུངས་ན་ཚ་བ་འཇོམས་ཐུབ། 

4. འཚིག་རྨས་གསོ་ཐུབ།
ཤི་ཀྭ་ཡི་པགས་པས་འཚིག་རྨས་བྱུང་བ་བཅོས་ཐུབ་པ་སྟེ། ཤི་ཀྭ་ཡི་པགས་པ་ལེབ་པོ་སྲབ་པོར་གཏུབས་ནས་པགས་པ་འཚིག་སར་སྦྱར་བ་དང་།  གལ་ཏེ་འཚིག་རྨས་ཚབས་ཆེ་ཙམ་ཡོད་ན། སྔོན་ལ་ཤི་ཀྭ་ཡི་པགས་པ་འཁྱགས་སྒམ་ནང་གྲང་མོ་ཏོག་ཙམ་བཟོས་ནས། གཟའ་འཁོར་གཅིག་གཡས་གཡོན་རྒྱུན་འཁྱོངས་ནས་སྦྱར་ན་འཚིག་རྨས་མངོན་གསལ་དོད་པོས་གསོ་ཐུབ། 

5. ཚ་གདུག་འགོག་ཐུབ།

དབྱར་ཁ་གནམ་གཤིས་ཚ་བ་ཆེ་བའི་སྐབས་ཕྲུ་གུ་ཕྱིར་རྩེད་མོ་བརྩེས་རྗེས་ཚ་གདུག་ཚིག་སླ་བས། རྒན་པས་ཕྱིར་མ་ཐོན་གོང་ཤི་ཀྭ་ཡི་པགས་པ་གཙང་མ་བཀྲུས་རྗེས། པགས་པ་སྔོན་པོ་སྲབ་མོར་གཏུབས་ཏེ་ཆུའི་ནང་སྐར་མ་30ཙམ་བསྐོལ་རྗེས་དྭངས་སིབ་ཕྱེ་ནས་བྱེ་མ་ཀ་ར་དང་ཏག་སོམ་ཕྲན་བུ་བླུགས་ཏེ་གྲང་མོ་བཟོས་རྗེས་བཏུངས་ན། ཚ་གདུག་འགོག་ཐུབ། གལ་ཏེ་ཕྲུ་གུ་ཚ་གདུག་ཚིག་སྐབས་ཤི་ཀྭ་ཡི་པགས་པས་གཟུགས་པོར་ཕུར་ན་ཚ་བ་ལམ་སེང་འཇག་ཐུབ། 


6. བཙོག་པ་གཤོང་ཐུབ།  
ཤི་ཀྭ་ལ་བཙོག་པ་གཤོང་བའི་ནུས་པ་ཡོད་པ་སྟེ། ཕྲུ་གུ་བཙོག་པ་འགག་སྐབས་ཤི་ཀྭ་ཡི་པགས་པ་གཏུབས་ནས་ཁུ་བ་བཟོས་ཏེ་བཏུངས་ན་བཙོག་པ་བཤངས་ཐུབ། བཙོག་པ་འགག་ནས་དུས་ཚོད་རིང་པོ་ཕྱིན་ཡོད་ཚེ། དེའི་ནང་སྦྲང་རྩི་ཏོག་ཙམ་བླུགས་དགོས། འོན་ཀྱང་རླུང་ཁྲག་ཉམས་པའི་བྱིས་པས་སྤྱོད་སྐབས་ཡིད་གཟབ་བྱེད་དགོས། རྒྱུ་མཚན་ནི་གྲོད་པ་བཤལ་བའི་ཉེན་ཁ་ཡོད།