སང་ཉིན་དྲ་ཐོག་ནས་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་ལ་བལྟ་ཆོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ད་ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་དེ་ཟླ་6པའི་ཚེས་3ཉིན་འཚོག་རྒྱུ་ཡིན་པ་རེད། སྐབས་དེ་དུས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་ཞིང་ཆེན་དང་ཁུལ་རིམ་པའི་གཞུང་ཕྱོགས་ཀྱི་སྨྱན་སྦྱོར་དང་དྲ་གྲགས་གདན་འདྲེན་བྱས་ནས་ཡུལ་དངོས་སུ་དྲ་རྒྱའི་ཐོག་ཐད་གཏོང་དང་བརྙན་ལམ་ཕབ་བསྐྲུན་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་དེ་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་གི་ཡིད་དབང་འཕྲོག་ཤུགས་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ཡུལ་དངོས་སུ་བསྐྱོད་མི་དགོས་པར་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་གི་སྤྲོ་སྣང་དང་ངོ་མཚར་མྱོང་རོལ་ཐུབ་པ་བྱ་རྒྱུ་རེད།

    ལྔ་པའི་རྟ་རྒྱུག་ནི་བདེ་ཆེན་ཁུལ་གྱི་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་དུས་ཆེན་གལ་ཆེན་གྱི་གྲས་ཤིག་ཡིན་ལ། ས་གནས་དེ་གའི་ལོ་རྒྱུས་རིང་ཤོས་ལྡན་པའི་སྲོལ་རྒྱུན་མི་རིགས་འགྲན་བསྡུར་དང་དམངས་ཚོགས་ཀྱིས་དགའ་ཤོས་བྱེད་པའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་རྣམ་གྲངས་ཤིག་ཀྱང་ཡིན་པ་རེད། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་སེམས་ཀྱི་ཉི་ཟླ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་དྲ་ལམ་ཐོག་གི་ལྔ་པའི་རྟ་རྒྱུག་གི་རྣམ་པའི་ཐོག་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད། བྱེད་སྒོ་དེ་ཟླ་6པའི་ཚེས་3ཉིན་གྱི་སྔ་དྲོའི་ཆུ་ཚོད་9་དང་སྐར་མ་30ཐོག་ཡ་ལ་བསྭོའི་རྟ་རྒྱུག་ཐང་དུ་དངོས་སུ་སྤེལ་རྒྱུ་ཡིན་ལ། བྱེད་སྒོའི་ནང་རྟ་རྩལ་འཁྲབ་སྟོན་དང་རིག་རྩལ་འཁྲབ་སྟོན་སོགས་ཚུད་ཡོད་པས།རྒྱ་ཆེའི་དྲ་གྲོགས་རྣམ་གྱིས་དྲ་ལམ་བརྒྱུད་ནས་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་ལ་རྒྱུས་ལོན་བྱེད་ཆོག་པ་རེད།