བདེ་ཆེན་གྱིས་གྲོང་གསེབ་ཀྱི་ལམ་བུ་ཡག་པོ་སྐྲུན་པར་བརྩོན་ལེན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་ཤས་རིང་།བདེ་ཆེན་ཁུལ་གྱིས་སྤུས་ཚད་མཐོ་པོས་ཡག་པ་བཞི་ལྡན་གྱི་གྲོང་གསེབ་ལམ་བུ་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ནས།ཆུ་ཚད་མཐོ་པོའི་ངང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་ནུས་ཤུགས་ཡོད་རྒུས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ་བསྐྲུན་ནས། བདེ་འཇགས་དང་།བློ་བདེ།མཛེས་པོ།ལྗང་མདོག་བཅས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་ལམ་བུ་བཏོད་དེ་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད།

    གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཚད་ལྡན་དང་གོ་རིམ་ལྡན་པ། 2020ལོའི་ལོ་མཇུག་བར་བདེ་ཆེན་ཁུལ་གྱིས་ཁུལ་ཡོངས་ཀྱི་སྒྲིག་ཚུད་གྲོང་ཚོ་196གི་ཨར་འདམ་གཏོང་ཚད100%དང་།ཡིག་ཟམ་100%འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད100%བཅས་ཀྱི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཡོད་པ་རེད།“ཐད་བརྒལ་མི་རིགས”ས་ཁུལ་དང་།མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ།ཤིན་ཏུ་དབུལ་བའི་རྫོང་27བཅས་ཀྱི་དུད་ཚང་50ཡན་གྱི་གནས་སྤོ་མི་བྱེད་པའི་རང་བྱུང་གྲོང་ཚོར་ཨར་འདམ་ལམ་ཤར་གཏོང་ལས་གྲྭ་ལག་བསྟར་བྱས་པ་མ་ཟད།ཤིན་ཏུ་དབུལ་བའི་རྫོང(གྲོང་ཁྱེར)དང་རང་བྱུང་གྲོང་ཚོའི“ཚོགས་ཆུང་སོ་སོར་ཨར་འདམ་ལམ་ཤར་གཏོང་ཐུབ་པའི”འདུ་འགོད་ཀྱང་སྤེལ་བ་རེད། གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱེད་པ།  2021ལོའི་ལོ་མཇུག་བར་ཁྱོན་ལམ་དཔོན་1534དང་ལམ་དཔོན་སྤྱི་བསྒྲགས་བྱང་བུ་1534བཀོད་སྒྲིག་བྱས་ཡོད་པ་རེད།

    གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་དང་བདག་སྐྱོང་བྱེད་པའི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ། 2021ལོར་དོ་དམ་མཛོད་ནང་དུ་ས་གནས་ཀྱི་བདག་སྐྱོང་སྤྱིའི་ལམ་ཐག་སྤྱི་ལེ་6561.98ཚུད་ཡོད་པ་དང་།གྲོང་གསེབ་གཞུང་ལམ་བདག་སྐྱོང་ཞིང་ཆེན་རིམ་པའི་ཁ་གསབ་དངུལ་སྒོར་ཁྲི་4260སྤྲད་པས། གྲོང་གསེབ་གཞུང་ལམ་གྱི་རྒྱུན་གཏན་རང་བཞིན་གྱི་བདག་སྐྱོང་བྱེད་ཚད་100%ཟིན་ཡོད་པ་རེད།

    དོ་དམ་ཚད་ལྡན་དང་བདེ་འཇགས་ངང་སྐྱེལ་འདྲེན་བྱེད་པར་འགན་སྲུང་བྱེད་པ། རྫོང་གྲོང་དུ་གྲོང་གསེབ་ཀྱི་ཐག་ཉེའི་འགྲུལ་སྐྱེལ་ས་ཚིགས་དང་།ཤང་(གྲོང་རྡལ)དུ་སྟབས་བདེའི་ས་ཚིགས་ཡོད་པ།སྲིད་འཛིན་གྲོང་ཚོར་བརྡ་གཏོང་ས་ཚིགས་ཡོད་པ་བཅས་རིམ་གསུམ་ས་ཚིགས་ཀྱི་རྣམ་པ་ཞིག་ཆགས་པ་དང་།གྲོང་གསེབ་ཀྱི་ཐག་ཉེའི་འགྲུལ་སྐྱེལ་རླངས་འཁོར་ཚད་ལྡན་ཅན་གྱི་དོ་དམ་དང་བདེ་འཇགས་འགན་ལེན་གྱི་དམིགས་ཚད་མངོན་འགྱུར་བྱུང་བ།གྲོང་གསེབ་ཀྱི་འགྲུལ་སྐྱེལ་བབས་ཚུགས་ཀྱི་གློག་རྡུལ་ཆ་འཕྲིན་དྲ་རྒྱ་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ་བཅས་བྱས་པས་གྲོང་གསེབ་ཀྱི་མང་ཚོགས་འགྲོ་སྐྱོད་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།