འོ་ཇ་འཐུང་མང་དྲགས་ན་འདི་དག་ལ་གནོད་པས་གཟབ་རོཊ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-30   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

    འོ་ཇ་ནི་དེང་སྐབས་ཧ་ཅང་རྒྱུག་ཆེ་བའི་བཏུང་བྱ་ཞིག་ཏུ་གྱུར་ཞིང་། ན་གཞོན་དང་གཞོན་ནུ་ལོ་ཆུང་ཚོ་འོ་ཇ་འཐུང་བར་ཧ་ཅང་དགའ་པོ་ཡོད།

    མི་མང་པོ་ཞིག་གིས་སེམས་ཁམས་སྐྱིད་མིན་གང་ཡིན་རུང་འོ་ཇ་འཐུང་སྟེ་ལྕེ་དབང་གི་རོའི་འདོད་པ་སྐོང་བར་ཞེན་ཞིང་། མི་ལ་ལས་ཉིན་གཅིག་ལ་འོ་ཇ་ཕོར་བ་ཁ་ཤས་འཐུང་གི་ཡོད་པ་རེད།

    དེང་རབས་ཀྱི་ན་གཞོན་དག་ལ་མཚོན་ན་འོ་ཇ་འཐུང་རྒྱུ་ནི་རྒྱུན་གཏན་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཡིན་ཡང་མི་མང་ཆེ་བས་འོ་ཇ་འཐུང་ན་བདེ་ཐང་ལ་གནོད་པ་ཤེས་ཀྱི་མེད།

ཀྲུང་གོ་ཞིང་ལས་སློབ་ཆེན་བཟའ་བཅའི་ཚན་རིག་དང་འཚོ་བཅུད་ལས་གྲྭའི་སློབ་གླིང་གི་དགེ་རྒན་ཆེན་མོ་དབྱང་ཧའེ་ཞ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ལྡོག་ཚུལ་གྱི་ཚིལ་སྐྱུར་ (反式脂肪酸དེ་ལུས་པོའི་ནང་ནས་འཇུ་བྱེད་དམ་དབྱེ་འབྱེད་བྱེད་དཀའ་བས། ཁྲག་ཤེད་མཐོ་བ།ཁྲག་ཞག་མཐོ་བ།གཅིན་པ་མངར་བསྐྱུར་སོགས་ཀྱི་ནད་སློང་སྲིད་པ་མ་ཟད།ད་དུང་དྲན་ཤེས་ལའང་གནོད། ཟས་རིགས་ཤོག་བྱང་སྟེང་དུ་བྲིས་པའི་ལྡོག་ཚུལ་གྱི་ཚིལ་སྐྱུར་མེད་ཅེས་པ་དེས། ལྡོག་ཚུལ་ཚིལ་སྐྱུར་གཏན་ནས་མི་འདུས་པ་མཚོན་མི་ཐུབ། འོ་ཇའི་རིགས་ཀྱི་བཏུང་བྱ་མང་ཆེ་བ་གནས་སྐབས་སུ་ཡུལ་དངོས་ནས་བཟོས་པ་ཡིན་པས། དེའི་ནང་དུ་ལྡོག་ཚུལ་གྱི་ཚིལ་སྐྱུར་ཅི་འདྲ་འདུས་ཡོད་མེད་ཤེས་མི་ཐུབ་པས།འོ་ཇ་སོགས་ལྡོག་ཚུལ་ཚིལ་སྐྱུར་འདུས་བའི་བཏུང་བྱ་མང་པོ་མ་འཐུང་ན་བཟང་།

འོ་ཇ་ཡིས་གནོད་འཚེ་འདི་དག་སློང་སྲིད།

1.འོ་ཇ་འཐུང་ན་རྒྱགས་པ་ཆགས་སླ་བ།

2.འོ་ཇ་འཐུང་ན་ཁྲག་ཤེད་མཐོ་བའི་ནད་ཇེ་ལྕི་རུ་འགྱུར་སྲིད།

3.གཉིད་ཀྱི་སྤུས་ཀ་ཇེ་ཞན་དུ་འགྲོ་བ།

4.པགས་པ་རྒས་མགྱོགས་པ།

5.སྙིང་གི་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་བ།