སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འབྲུ་རིགས་གྲབས་གསོག་ལ་ཤུགས་བསྣན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    འབྲུ་རིགས་ནི་རྒྱལ་ཇུས་དམངས་འཚོ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་དངོས་རྫས་གལ་ཆེན་ཞིག་ཡིན་ལ།མི་དམངས་མང་ཚོགས་ཀྱི་མ་མཐའི་འཚོ་བའི་རྒྱུ་ཆས་ཤིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་གསོག་འཇོག་གི་འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱ་གཞིར་བཟུང་།འབྲུ་རིགས་གསོག་འཇོག་ལ་ཤུགས་སྣོན་བརྒྱབ་ནས་ལག་ཏུ་དངོས་སུ་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད། 

   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཕེལ་སྒྱུར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འབྲུ་རིགས་བདེ་འཇགས་སྲིད་འཛིན་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་བླང་བྱ་ལག་བསྟར་ནན་པོ་བྱ་ཆེད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྫོང་རིམ་པའི་འབྲུ་སྣུམ་གསོག་འཇོག་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་།རྫོང་རིམ་པའི་གྲབས་གསོག་འབྲུ་སྣུམ་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྫོང་རིམ་པའི་གྲབས་གསོག་འབྲུ་སྣུམ་གྲངས་འབོར་བདེན་པ་དང་།སྤུས་ཚད་ལེགས་པ།གསོག་ཉར་བདེ་འཇགས།དོ་དམ་ཚད་ལྡན་བཅས་འགན་ལེན་བྱས་ནས་སྲིད་གཞུང་གི་སྟངས་འཛིན་ཁྲོད་ཀྱི་རྫོང་རིམ་པའི་གྲབས་གསོག་འབྲུ་སྣུམ་གྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཡོད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས“ལུགས་མཐུན་ངང་བཀོད་སྒྲིག་དང་།ཁྱོན་ཡོངས་ལ་ཁྱབ་པ།དུས་རྒྱུན་རང་གཉེར་བྱེད་པ།འཕྲལ་སྡོམ་མཁོ་བསྟུན”བཅས་ཀྱི་རྩ་དོན་གཞིར་བཟུང་རང་བྱུང་གནོད་འཚེ་དང་ཛ་དྲག་རྣམ་པའི་འོག་འབྲུ་རིགས་མཁོ་སྤྲོད་འགན་ལེན་བྱ་རྒྱུ་དེ་མཐའ་ཚད་ཀྱི་དམིགས་ཚད་དུ་བརྩིས་ནས་ད་ཡོད་ཀྱི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་བསྡུ་སྒྲིལ་བྱས་ཏེ་འབྲུ་རིགས་འཕྲལ་སྡོམ་མཁོ་སྤྲོད་ས་ཚིགས་15བཙུགས་ནས་འཕྲལ་སྡོམ་མཁོ་སྤྲོད་དྲ་ཚིགས་གྲོང་ཁྱེར་དང་གྲོང་གསེབ་ཁྱོན་ཡོངས་ལ་ཁྱབ་པ་བྱས་པ་རེད།

    གོམ་སྟབས་རྗེས་མར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འབྲུ་རིགས་བདེ་འཇགས་སྲིད་འཛིན་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས“བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་འབྲུ་རིགས་ཀྱི་འཕྲལ་སྡོམ་འགན་ལེན་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་དང་།འཕྲལ་སྡོམ་གནས་ཚུལ་འོག་འབྲུ་སྣུམ་ཐོན་རྫས་འཚོང་ཆད་མི་ཐེབས་པ་དང་།རིན་གོང་མི་འཕར་བ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲུ་རིགས་འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་དྲ་བ་མགྱོགས་མྱུར་བསྐྲུན་པ་བཅས་བྱས་ཏེ་བཀོད་སྒྲིག་ལུགས་མཐུན་དང་།སྒྲིག་ཆས་ཆ་ཚང་བ།འཁོར་སྐྱོད་ནུས་ཆེ།འགན་ལེན་ནུས་ལྡན་བཅས་ཀྱི་འབྲུ་རིགས་འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་མ་ལག་ཅིག་ཆགས་པ་བྱས་ནས་མང་ཚོགས་ཀྱི་བཟའ་འབྲུའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་རྒྱུ་རེད།