འཇོལ་རྫོང་ཀོང་རྩེད་རའི་ཕུལ་བྱུང་ལས་གཏོད་པ་ཨ་ཆེན་མའི་གཏམ་རྒྱུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

  ལུང་པ་རེ་ལ་ཆ་ལུགས་རེ་ཞེས་བརྗོད་སྲོལ་ཡོད་པ་བཞིན།  ཡུལ་ཕྱོགས་གཅིག་གི་ས་ཆུ་དང་མཁའ་དབུགས་ནམ་ཟླ།   རིག་གནས་གོམས་སྲོལ་བཅས་ལས་ཕུལ་བྱུང་གི་མི་སྣ་རེ་རེ་བསྐྱེད་བསྲིངས་བྱེད་པ་བཞིན།    ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཀོང་རྩེ་རའི་གྲོང་རྡལ་ཨ་ཆེན་མ་ནི་ས་གནས་དེ་གའི་ཕུལ་དུ་བྱུང་ཞིང་ཚབ་མཚོན་རང་བཞིན་ལྡན་པའི་ལས་གཏོད་པ་ཞིག་ཡིན་ཞེས་བརྗོད་ཆོག    ས་སྐྱིད་པོ་ཀོང་རྩེད་ར་བ་ནས་འཚར་ལོངས་བྱུང་བའི་བོད་པའི་སྐྱེས་མ་ཨ་ཆེན་མས་རང་གི་ཕ་ཡུལ་གྱི་ནས་འབྲུ་སྔོན་མོ་དེ་རྒྱུ་ཆ་རྣལ་མར་བཟུང་ནས་ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདྲེས་པའི་ཞིང་ལས་དེང་རབས་ཅན་གྱི་སྤྱི་གཉེར་ཁང་ཞིག་བཙུགས་ཡོད་ཅིང་།   ཉེ་འཁོར་གྱི་གྲོང་མི་རྣམས་ཀྱང་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་སྐུལ་ཁྲིད་བྱས་ཡོད།   དེར་མ་ཟད།  ད་དུང་དྲ་ལམ་ནས་ཚོང་ཟོག་ཐད་འཚོང་བྱེད་པའི་ཐབས་ལམ་བརྒྱུད་ནས་བདེ་ཆེན་གྱི་ཁྱད་ལྡན་ཐོན་རྫས་ཁྱབ་སྤེལ་བཏང་ཡོད་པ་དང་།  རྒྱལ་ཕྱི་ནང་གི་འཛད་སྤྱོད་པར་སྤུས་ལེགས་ཤིང་བྲོ་བ་དག་མོའི་བདེ་ཆེན་མཐོ་སྒང་གི་ཞིང་ལས་ཐོན་རྫས་སྤྱོད་དུ་བཅུག་པར་ཀུན་གྱིས་གདེང་འཇོག་དང་དགའ་བསུ་ཐོབ་ཡོད། 

ཨ་ཆེན་མས་དྲ་ཐོག་ནས་ཐད་འཚོང་བྱེད་བཞིན་པ།

ཨ་ཆེན་མའི་ལས་གཏོད་གཏམ་རྒྱུད་ཀྱི་བརྙན་རིས་འདི་མནན་ན་བལྟ་ཐུབ།