ཆེས་མཛེས་པའི་འབད་བརྩོན་མཁན་ཡེ་ཤེས་ཆོས་མཚོའི་གཏམ་རྒྱུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་དུ་ཀུན་ལ་གསལ་ཆ་ཆེ་བའི་བོད་པའི་བུ་མོ་ཞིག་ཡོད་ཅིང་།  ཁོ་མོ་ནི་དབང་བོ་སྐྱོན་ཅན་ཡིན་རུང་ཞུམ་མེད་ཀྱི་སྙིང་སྟོབས་ལས་དཀའ་ཁག་རེ་རེ་སེལ་ཏེ་ལྕགས་རྟ་ཞོན་པ་ནས་འཕྲུལ་རྟ་ཞོན་པ་དང་། ཡང་རྗེས་ནས་རླངས་འཁོར་བསྐོར་ཏེ་ཚོང་མགྲོན་གྱི་དངོས་ཟོག་བསྐྱལ་བཞིན་མི་ལོ་བཅོ་ལྔ་འགོར་ཡོད།   ཁོ་མོའི་མིང་ལ་ཡེ་ཤེས་ཆོས་མཚོ་ཞེས་སུ་འབོད་པ་སྟེ།  གཞི་རིམ་གྱི་ལས་གནས་སུ་ཁོ་མོས་ཐོག་མཐའ་བར་གསུམ་དུ་རང་གི་འགན་འཁྲི་སེམས་ལ་བཟུང་ནས་བརྩེ་སེམས་རྣམ་དག་གིས་ཧུར་བརྩོན་ཁོ་ན་བྱེད་ཅིང་།   བློ་གཅིག་སེམས་གཅིག་གིས་དམངས་ལ་དངོས་ཟོག་བསྐྱེལ་བའི་ཞབས་ཞུ་སྒྲུབས་པས་ཀུན་གྱིས་གདེང་འཇོག་དང་ཁས་ལེན་ཐོབ་ཡོད་པ་གཞིར་བྱས།   2021ལོར་ཡེ་ཤེས་ཆོས་མཚོ་ལ་ཡུན་ནན་ཞིང་ཆེན་གྱི་ཆེས་མཛེས་པའི་སྦྲག་སྲིད་ཡིག་སྐྱེལ་བའི་མཚན་རྟགས་ཐོབ། 

      ལྔ་ཤོག་ཤང་གི་སྦྲག་སྲིད་ཁང་དུ་ཡེ་ཤེས་ཆོས་མཚོས་རྒྱུན་པར་དངོས་ཟོག་ལ་རིགས་བགར་བ་དང་།  དུག་སེལ་བྱེད་པ།  རླངས་འཁོར་དུ་འཇོག་པ་སོགས་ལས་ཀའི་གོ་རིམ་ཡོངས་བྱང་ཆུབ་ནས་ནོར་འཛོལ་བྱུང་མ་མྱོང་།  ཁོ་མོས་བཤད་ན་དེང་སང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་བས། མི་དམངས་མང་ཚོགས་ཀྱིས་དྲ་ཐོག་ནས་དངོས་ཟོག་ཉོ་ཚད་ཇེ་མང་དུ་སོང་ཡོད་ལ།  ཐོག་མའི་ལས་ཞུགས་ཀྱི་དུས་ལ་ཟླ་གཅིག་ལ་དངོས་ཟོག་འགའ་རེ་ཡོད་པ་ནས་ད་ལྟའི་དུས་ལ་ཟླ་རེར་དངོས་ཟོག་སྟོང་ཕྲག་ལྷག་ཕར་བསྐྱེལ་ཚུར་ལེན་བྱེད་དགོས་ཤིང་།  མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་མངོན་གསལ་བྱུང་འདུག་ཟེར།  



ཆེས་མཛེས་པའི་འབད་བརྩོན་མཁན་ཡེ་ཤེས་ཆོས་མཚོ།     

     ལོ་རེའི་ཟླ་བདུན་པ་དང་བརྒྱད་པའི་ནང་ནི་སློབ་མ་ཚོ་སློབ་བསྡུའི་བརྡ་ཐོ་ཐོན་པའི་སྐབས་ཡིན་ཞིང་།  ཡེ་ཤེས་ཆོས་མཚོ་ཡང་ཆེས་བྲེལ་བ་ཆེ་བའི་དུས་སྐབས་ཡིན།   གྲོང་མི་མང་ཆེ་ཤོས་ཀྱི་ཁྱིམ་ནི་རི་མགོ་ན་ཡོད་ཅིང་ཐ་ཐོར་དུ་གནས་ཡོད་པས་རྒྱུན་པར་འབྲེལ་གཏུག་བྱེད་དཀའ་བའི་གནས་ཚུལ་བྱུང་གི་ཡོད།   གནས་ཚུལ་དེའི་རིགས་ལ་འཕྲད་དུས་ཡེ་ཤེས་ཆོས་མཚོས་འཕྲུལ་རྟ་ཞོན་ནས་སྤྱི་ལེ30མཚམས་སུ་སོང་ནས་ཁྱིམ་བདག་དང་སློབ་མ་བཙལ་དགོས་ལ།  བརྡ་ཐོ་དེ་ལེགས་པར་སློབ་མའི་ལག་ཏུ་སྤྲད་རྗེས་ད་གཟོད་ཁོ་མོའི་སེམས་ཁ་བདེ་བོ་བྱུང་གི་ཡོད།

     སྔོན་མ་ཡིན་ན་ཁ་པར་ཡང་དེ་འདྲའི་དར་ཁྱབ་ཆེན་པོ་བྱུང་མེད་པས།  དངོས་ཟོག་གཅིག་ཡིན་ནའང་ཁྱིམ་བདག་གི་ལག་ཏུ་འཕྲོད་དཀའ་རྒྱུ་དཀའ་མོ་ཡིན།   ལྔ་ཤོག་ཤང་གི་གྲོང་ཚོ་ཨུ་ལྷན3དང་།   གྲོང་མི་ཚོ་ཆུང29ཡི་གནས་སུ་ཡེ་ཤེས་ཆོས་མཚོའི་རྐང་རྗེས་བཀོད་ཡོད།  མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་ཁོ་མོ་ནི་ཡིག་སྐྱེལ་བ་ཡིན་ལ་ཡང་མང་ཚོགས་ཀྱི་བློས་ཐུབ་ཀྱི་གྲོགས་པོར་ཡང་གྱུར་ཡོད།ཁོ་མོའི་ལས་དོན་ལ་རིམ་བཞིན་ཉེ་འཁོར་མང་ཚོགས་ཀྱིས་བསྟོད་བསྔགས་མི་དམན་པ་གནང་ཡོད།  ཚོང་ཟོག་ཉོ་ཚད་ཆེ་ཞིང་འགྲིམ་འགྲུལ་སྟབས་བདེ་བྱུང་བ་སོགས་དུས་རབས་གསར་བའི་ཞིང་གྲོང་གསར་བར་འཕེལ་རྒྱས་ཀྱི་གསོན་ཤུགས་ཀུན་ནས་མངོན་ཡོད།