རྒྱལ་གཞུང་སློབ་གྲྭ་ཆུང་འབྲིང་གི་རིག་ནུས་སློབ་གསོའི་ལས་སྟེགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-25   རྩོམ་ཁུངས།    སེམས་ཀྒི་ཉི་ཟླའི་བོད་ཡིག་དྲ་བ།

      ཉེ་ཆར་རྒྱལ་གཞུང་སློབ་གྲྭ་ཆུང་འབྲིང་གི་རིག་ནུས་སློབ་གསོའི་ལས་སྟེགས་ཞེས་པའི་དྲ་ཚིགས་གཅིག་དང་རིག་ནུས་ཆུང་འབྲིང་སློབ་གྲྭ་ཞེས་པའི་appགཉིས་སྒོ་ཕྱེས་ནས་ཆུང་འབྲིང་སློབ་མ་དང་ཁྱིམ་བདག་ཀུན་གྱིས་དོ་སྣང་ཆེན་པོ་བྱུང་ཡོད་ཅིང་།  ལས་སྟེགས་འདི་ནས་སློབ་ཆུང་ལོ་རིམ་དང་པོ་ནས་དྲུག་པ་དང་།   མཐོ་འབྲིང་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་སྐད་ཡིག་དང་རྒྱ་ཡིག   རྩིས་རིག  དངོས་ལུགས།   སྐྱེ་ཁམས།   དབྱིན་ཡིག  ལོ་རྒྱུས་ལ་སོགས་པའི་སློབ་ཚན་རིན་མེད་ངང་སྦྱང་ཆོག་པ་རེད།    དྲ་ཚིགས་དང་appགཉིས་སུ་སློབ་ཁྲིད་ཐོན་ཁུངས་སྣ་ཁ་ཁྲི3ལ་ཉེ་བ་ཡོད་པ་ཚང་མ་རྒྱལ་ཡོངས་ཀྱི་ཕུལ་དུ་བྱུང་བའི་དགེ་རྒན་དག་གིས་སློབ་ཁྲིད་གནང་ཡོད་པས་གོ་བདེ་ཞིང་སྦྱོང་སླ་བའི་ཁྱད་ཆོས་ལྡན།  དྲ་ཚིགས་དང་appགཉིས་སུ་ཉིན་རེར་ལྟ་མཁན་མི་ཐེངས་ཁྲི2888ལྷག་གི་བྱུང་ཡོད་པས་འདི་ཡང་སྤྱོད་མཁན་མང་བ་ཤེས་ལ།  སྐུ་ཉིད་ཀྱིས་སློབ་ཕྲུག་ཚོས་སྔར་ལས་ལྷག་པར་སློབ་ཁྲིད་ལ་གོ་བ་ཟབ་མོ་ལོན་པ་དང་།  ཤེས་བྱའི་ཆུ་ཚད་ཇེ་མཐོར་འགྲོ་བར་དམིགས་ན་ངེས་པར་འདི་ནས་སློབ་སྦྱོང་བྱས་ཆོག་པ་རེད།  

      དྲ་ཚིགས་འདིའི་ས་གནས་ནི། https://basic.smartedu.cn ཡིན་པ་དང་། རྒྱ་སྐད་དུ། 国家中小学智慧教育平台ཞེས་སུ་བརྗོད།   ཀུ་ཤུ་ཁ་པར་དང་ཨན་ཌོ་མ་ལག་གང་རུང་ནས་རིག་ནུས་སློབ་གྲྭ་ཆུང་འབྲིང་ཞེས་པའི་རྒྱ་ཡིག智慧中小学ཞེས་འཚོལ་བཤེར་བྱས་ན appཕབ་ལེན་བྱེད་ཐུབ་པ་རེད།