ཚེ་གང་སློབ་གསོའི་སྟེགས་བུ་དངོས་སུ་དྲ་ཐོག་ཏུ་བཀོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

  ཉེ་ཆར་རྒྱལ་ཁབ་ཀྱི་སྒོ་དབྱེའི་སློབ་ཆེན་གྱི་ཚེ་གང་སློབ་གསོའི་སྟེགས་བུ་དངོས་སུ་དྲ་ཐོག་ཏུ་བཀོད་ནས་སྤྱི་ཚོགས་ལ་རིན་མེད་ངང་སྒོ་ཕྱེས་ཡོད་པ་རེད། སྟེགས་བུ་འདིའི་ནང་འཚོ་བ་དང་ལས་རིགས།  ལག་རྩལ།  སྤྲོ་སྣང་།  ལས་ཐོབ་སོགས་རྒྱལ་ཁབ་སྒོ་དབྱེའི་སློབ་ཆེན་རང་གི་སློབ་སྦྱོང་ཐོན་ཁུངས་ཡོད་པ་མ་ཟད། ད་དུང་མཐོ་སློབ་གྲགས་ཅན་338ཀྱི་སློབ་ཚན་ཐོན་ཁུངས་དང་། ལས་སྟེགས་གྲགས་ཅན་10ཡི་ཁྱད་ཆོས་ལྡན་པའི་སློབ་ཚན་སོགས་ཁྱོན་ཁྲི་50འདུས་ཡོད། བརྙན་རིས་རྣམ་པའི་ཤེས་བྱ་འདི་དག་གིས་མང་ཚོགས་ཀྱི་སློབ་སྦྱོང་གི་དགོས་མཁོ་སྣ་ཚོགས་བསྐངས་ཐུབ་ཅིང་སློབ་སྦྱོང་བྱེད་པར་གོ་སྐབས་བཟང་བོ་ཞིག་བསྐྲུན་ཡོད་པ་རེད།  
དྲ་ཚིགས་འདིའི་ས་གནས་ནི།

http://le.ouchn.cn/#/home