ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་རྟེན་གཞི་གསར་བ་ཞིག་བཙུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཟླ་5པའི་ཚེས་20ཉིན་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་བདེ་ཆེན་ཁུལ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད། 


མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་རྟེན་གཞིའི་སྒོ་བྱང་འགེལ་བ།

     ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་འགོ་བཙུགས་པ་ནས་བཟུང་།དུས་ཡུན་རིང་པོའི་ནང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དང་།   ཆོ་ག་ཕྱག་ལེན།    བྱེ་རིས་བཟོ་རྩལ་ལ་སོགས་པའི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་དང་།2020ལོར་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་བོད་ལུགས་གསོ་རིག་གི་ཆེད་ལས་བཀོད་སྒྲིག་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དངོས་སྦྱོང་རྟེན་གཞི་བཀོད་སྒྲིག་བྱས་ཡོད།

དགེ་འདུན་པ་ཚོས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་བྱེད་པའི་ཚུལ། 


དགེ་འདུན་པ་ཚོས་བྱེ་ཚོན་འབྲི་བཞེངས་བྱེད་པ།

དགེ་འདུན་པ་ཚོས་བོད་ཀྱི་གསོ་རིག་སྐོར་ལ་སློབ་སྦྱོང་བྱེད་པ།

     2021ལོར་མི་རིགས་ཆོས་ལུགས་ཀྱི་རོལ་དབྱངས་ཀྱིས་ཁྲིད་སྟོན་བྱས་པའི་ནང་བསྟན་ཆོས་ལུགས་ཀྱི་ཆེད་སྤྱོད་སྒྲ་ཕབ་ཁང་བཙུགས་ཡོད།   མིག་སྔར་སློབ་གླིང་གིས་མེ་ཏོག་མཆོད་པ་བཞེངས་སྐྲུན་གྱི་གསོ་སྦྱོང་དང་བྱེ་རིས་འབྲི་བའི་གསོ་སྦྱོང་བྱེད་བཞིན་ཡོད་པ་རེད།འབྱུང་འགྱུར་སློབ་གླིང་གིས་ད་དུང་བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཐང་ག་དང་གནམ་རིག་སྐར་རྩིས་སོགས་འབྲེལ་ཡོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་གསོ་སྦྱོང་བྱ་རྒྱུ་ཡིན་ཞིང་།  བདེ་ཆེན་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་འཛུགས་པ་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་བཏོད་ནས་ལེགས་སྐྱེས་འབུལ་བར་འཇོན་ཐང་ལྡན་པའི་དགེ་འདུན་པ་གསོ་སྐྱོང་བྱ་ཆེད་ཡིན་པ་རེད།       

ཆེད་མཁས་པ་གདན་དྲངས་ནས་འཆད་འཁྲིད་གནང་བའི་ཚུལ།

   ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཨ་པ་ཡིས་སློབ་གླིང་གིས་མངོན་མིན་རིག་གནས་ཤུལ་བཞག་སློབ་ཁང་དུ་སྐྱོད་པ་དང་མི་རིགས་རིག་གནས་དར་སྤེལ་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་རྒྱུ་ཡིན་ལ།  ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་གཏོད་རྒྱུ་གཙོ་རྐང་དུ་བཟུང་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་དེ་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ཡིན་ཞེས་བཤད་བྱུང་།