རླུང་ལངས་ན་གཟུགས་པོར་གནོད་པ་ཧ་ཅང་ཆེན་པོ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-23   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

 བསྐལ་བ་སྟོང་དུ་བསགས་པའི་དགེ་བ་དག ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད་ཅེས་པ་ལྟར་དང་། རྒྱུན་དུ་རླུང་མ་ལོངས། གཟུགས་པོར་གནོད་ཀྱི་རེད་ཅེས་ང་ཚོས་རྟག་ཏུ་བརྗོད་ཀྱི་ཡོད། འོན་ཀྱང་། ཚང་མས་དེ་རྣ་རྒྱབ་ཀྱི་ལྷགས་པར་བརྩིས་ནས། དོན་དག་ཆུང་ཆུང་ཞིག་ལའང་རླུང་ལངས་ཀྱི་ཡོད། 


    དོན་དུ་རླུང་ལངས་ན་གཟུགས་པོར་གནོད་ཀྱི་ཡོད་ཟེར་བ་འདི་གང་བྱུང་དུ་བརྗོད་པ་ཞིག་རྩ་བ་ནས་མིན་པར། ཚན་རིག་གི་གཞི་འཛིན་ས་ཡོད། ཨ་རིའི་ཡ་ཐེ་ལན་ནད་ཆེན་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་བྱས་འབྲས་ལས། གཅོང་ནད་90%ཙམ་ཚང་མ་སེམས་ཁམས་དང་འབྲེལ་བ་ཡོད་པ་མངོན་ཡོད། 

     《ཡོ་རོབ་ཀྱི་སྙིང་ཁམས་དུས་དེབ》ཀྱི་ཞིབ་འཇུག་བྱས་འབྲས་ལས་མངོན་དོན། རླུང་ལངས་རྗེས་ཀྱི་ཆུ་ཚོད་2ནང་ཚུན་དུ་གཟུགས་པོར་འགྱུར་ལྡོག་འདི་དག་འགྲོ་བ་སྟེ། 

    ▶ གྲིབ་སྐྱོན་ཕོག་པའི་ཉེན་ཁ་ལྡབ་3འཕར་བ་དང་། 

    ▶ སྙིང་ནད་ལང་བའི་ཉེན་ཁ་ལྡབ་5འཕར་བ། 

    ▶ སྙིང་ཁྲག་ཀླད་རྩའི་ནད་ཕོག་མྱོང་ཡོད་པར་ཉེན་ཁ་དེ་བས་ཆེ་རུ་འགྲོ་གི་ཡོད། 

     རླུང་ལངས་ན་གཟུགས་པོར་གནོད་པ་འདི་དག་ཡོད་པ་གཤམ་གསལ། 

    རླུང་ལངས་ན་སྙིང་ལ་གནོད་པ་དང་། རླུང་ལངས་ན་མཆིན་པར་གནོད་པ། རླུང་ལངས་ན་ཕོ་བར་གནོད་པ། རླུང་ལངས་ན་གློ་བར་གནོད་པ། རླུང་ལངས་ན་ཀླད་པར་གནོད་པ། རླུང་ལངས་ན་རྒས་མགྱོགས་པ། རླུང་ལངས་ན། གསང་རྒྱུད་ཟགས་གཤེར་འཁྲུག་པ། (内分泌紊乱)རླུང་ལངས་ན་ཟླ་མཚན་མི་སྙོམས་པ། རླུང་ལངས་ན་ནུ་མའི་གཤེར་རྨེན་ལ་གནོད་ཀྱི་ཡོད།