ཚངས་དབྱངས་སྒྲོལ་མའི་གསར་རྩོམ་གླུ་གཞས་QQགླུ་དབྱངས་དྲ་བར་གཏོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཚངས་དབྱངས་སྒྲོལ་མ་རོལ་དབྱངས་ཀྱི་ལམ་བུར་ཞུགས་ནས་ད་ལྟའི་བར་དུ་ལོ་བཞི་ཅུ་ཞེ་ལྔ་འགོར་ཞིང་། ཁོ་མོའི་བརྩམས་ཆོས་《སེམས་ཀྱི་ཉི་ཟླ》དང་《སྨན་རིའི་བུ་མོ》《ཕ་ཡུལ་གྱི་ཁ་བཏགས》་སོགས་ཀུན་གྱིས་ཤེས་ཀྱིན་ཡོད།

    ཉེ་ཆར། ཚངས་དབྱངས་སྒྲོལ་མའི་གསར་རྩོམ་གླུ་གཞས་ཆེད་སྒྲིག་QQརོལ་དབྱངས་སུ་བཏང་ཡོད། ཡུན་ནན་གྱི་སྐད་སྒྲ་ཞེས་པའི་ད་ཐེངས་ཀྱི་ཆེད་སྒྲིག་ནང་དུ་ཁྱོན་བསྡོམས་《ཕ་ཡུལ་གང་དུ་བཞུགས།》《སྨན་རིའི་བུ་མོ》《འཇོལ་མཛའ་གཞས》སོགས་ཀུན་གྱིས་ཤེས་པའི་གླུ་གཞས་མང་པོ་བསྡུས་ཡོད་པ་དང་། ཁོ་མོའི་བརྩམས་ཆོས་དེ་དག་ཡོད་ཚད་འཚོ་བར་ཟབ་ཞུགས་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་ཤིང་། ཡུན་ནན་མི་རིགས་ཀྱི་རོལ་དབྱངས་རིག་གནས་སུ་ཉམས་འགྱུར་ལྡན་པར་འདུག་ཅིང་། ཉན་མཁན་གྱིས་སྣེ་ཁྲིད་དེ་ཡུན་ནན་དང་སེམས་ཀྱི་ཉི་ཟླར་བསྐྱོད་ཀྱིན་ཡོད།


    《ཕ་ཡུལ་གྱི་ཁ་བཏགས།》《སྨན་རིའི་བུ་མོ》《ཉི་མ་དང་ཐག་ཉེ་ཤོས་ཀྱི་ས་ཆ》སོགས་དངོས་ཡོད་འཚོ་བ་ལས་བྱུང་བའི་གླུ་གཞས་དེ་དག་གངས་རིའི་དབུ་རྩེ་ནས་འཕུར་ཞིང་། ས་མཐོའི་ཡུལ་ནས་གང་སར་ཁྱབ་སྟེ་ཧྭ་ཞ་ས་གཞི་ཆེ་མོའི་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་ཡོད།

    ཚངས་དབྱངས་སྒྲོལ་མ་ནི་ཡུན་ནན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན་ལ། ཡུན་ནན་ཞིང་ཆེན་རོལ་མོ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པ་མ་ཟད་ཀྲུང་གོའི་བོད་རིགས་བུད་མེད་སྐད་གདངས་མཐོ་བའི་གླུ་མ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཞིག་ཀྱང་ཡིན། ཐོབ་ཐང་མང་པོ་ཞིག་གིས་མོ་ལ་འགན་འཁྲི་མང་པོ་ཞིག་སྤྲད་ཡོད་པར་མ་ཟད། ད་དུང་རྒྱུན་པར་ཕ་ཡུལ་དུ་ཕེབས་ཀྱིན་ཡོད།