ཧྥེ་ཧྲེ་ཤྭ་བའི་གཟུགས་བརྙན་ཞིག་མེ་ཏོག་རྫོང་ནས་པར་ནང་ཐེབས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-20   རྩོམ་ཁུངས།    སེམས་ཀྱི་ཞིང་ཁམས།


        སྤྱི་ཟླ ༥ ཚེས ༡༨ ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུད་ནས་ཤེས་རྟོགས་བྱས་པར་ལྟར་ན། བོད་རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་གི་ལས་དོན་མི་སྣས་མེ་ཏོག་རྫོང་ཁོངས་སུ་སྒྲིག་པའི་དམར་ཕྱིའི་འོད་ཟེར་པར་ཆས་ཀྱི་གཞི་གྲངས་བསྡུ་སྒྲིག་བྱེད་སྐབས་ཧྥེ་ཧྲེ་ཤྭ་བའི་(དམངས་ཁྲོད་དུ་ཁ་ཤྭ)གཟུགས་བརྙན་གསལ་པོ་ཞིག་པར་ནང་ཐེབས་ཡོད། 

        ༡༩༨༢ ལོ་ནས ༡༩༨༣ ལོའི་བར། རང་རྒྱལ་གྱི་ཧྥེ་ཧྲེ་ཤྭ་བའི་དངོས་དཔེ་དང་པོ་དེ་བོད་ལྗོངས་ཉིང་ཁྲི་ནས་རྙེད་ཡོད། ངོ་སྤྲོད་བྱས་པ་ལྟར་ན། ཧྥེ་ཧྲེ་ཤྭ་བཤིན་ཏུ་མཐོང་དཀོན་ཞིང་། ཤྭ་བ་འདིའི་རིགས་ཀྱི་འཚོ་གནས་བྱེད་སའི་ཁོར་ཡུག་དང་། གྲངས་འབོར།  ད་ལྟའི་གནས་སྟངས་སོགས་གསལ་པོ་ཤེས་ཀྱི་མེད་པ་རེད།

        མེ་ཏོག་རྫོང་གི་པར་ཆས་ས་ཚིགས་ཁག ༢༠༡ ནས་བསྡུ་རུབ་བྱས་པའི་བརྙན་པར་གསལ་པོ ༡༢༡༠ ལས་ཞིབ་འཇུག་པར་ཧྥེ་ཧྲེ་ཤྭ་བའི་གཟུགས་བརྙན་གསལ་པོར་མཐོང་ཡོད། འདི་ནི་ཉེ་བའི་ལོ་བཞི་བཅུའི་ནང་ཧྥེ་ཧྲེ་ཤྭ་བའི་གཟུགས་བརྙན་གསལ་པོར་མངོན་ཐེངས་དང་པོ་དེ་རེད།