དྲ་ཐོག་ནས་སྒོར་མོ་བསྐྱིས་ཏེ་ཕྱིར་མ་སྤྲད་ན་ཇི་ལྟར་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-19   རྩོམ་ཁུངས།    ཁམས་པ་དྲ་བ།

གྲོགས་པོའི་ཚབ་ཏུ་དྲྭ་ཐོག་ནས་སྒོར་མོ་བསྐྱིས་ཏེ་ཕྱིར་མ་སྤྲད་ན་ཇི་ལྟར་བྱ།

བློ་མཐུན་རྩོམ་སྒྲིག་པ་ལགས།

    ན་ནིང་གི་སྟོན་ཟླའི་སྐབས་སུ་གྲོགས་པོ་ཞིག་གིས་ང་བཙལ་ནས་ཡོང་སྟེ། ཁོ་མི་སྒེར་གྱི་ཡིད་རྟོན་མི་བཟང་བས་ང་ལ་ཁོའི་ཚབ་ཏུ་དྲྭ་ཐོག་གི་སྒོར་མོ་བསྐྱི་བའི་སྤྱི་སྟེགས་ཤིག་ནས་སྒོར་འགའ་བསྐྱི་རོགས་བྱོས་ཟེར་ཞིང་། ཞོར་དུ་ང་ལ་བཀའ་དྲིན་མཚོན་བྱེད་ཀྱི་ལེགས་སྐྱེས་ཤིག་སྟེར་བར་མ་ཟད་བསྐྱིས་སྒོར་དུས་ལྟར་འཕྲོད་ངེས་ཡིན་ཟེར། ཡིན་ན་ཡང་ཁོས་ཐོག་མའི་ཟླ་འགར་དུས་ལྟར་བསྐྱིས་སྒོར་སྤྲད་ཀྱང་རྗེས་སུ་སྒོར་གཅིག་ཀྱང་མ་སྤྲད་པས། ངས་ཁོ་ལ་བསྐྱིས་སྒོར་སྟེར་དགོས་པའི་རེ་བ་བཏོན་ཡང་ཁོས་དེར་དོ་སྣང་སྤུ་ཙམ་ཡང་མི་བྱེད། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་འདི་ལྟ་བུའི་གནས་ཚུལ་ལ་འཕྲད་ན་ངས་ཇི་ལྟར་བྱ་དགོས། ཞེས་བན་སྐྱབས་ཀྱིས།



བློ་མཐུན་བན་སྐྱབས་ལགས།

དོན་དག་འདིའི་ཁྲོད་དུ་སྒེར་ཚུགས་ཀྱི་བཅའ་ཁྲིམས་འབྲེལ་བ་གཉིས་ཡོད་དེ། ཁྱོད་དང་གྲོགས་པོའི་བར་གྱི་བསྐྱིས་སྒོར་འབྲེལ་བ་དང་ཁྱོད་དང་དྲྭ་ཐོག་ནས་སྒོར་བསྐྱིས་པའི་སྤྱི་གཉེར་ཁང་གཉིས་ཀྱི་བསྐྱིས་སྒོར་འབྲེལ་བ་ཡིན།

སྤྱི་སྟེགས་ལས་སྒོར་བསྐྱི་མཁན་ནི་ཁྱོད་ཡིན་པས་གྲོགས་པོ་དེས་ཁྱོད་ལ་བསྐྱིས་སྒོར་མ་བྱིན་རུང་། ཁྱོད་ལ་བསྐྱིས་སྒོར་དེ་སྟེར་བའི་འོས་འགན་ཡོད་ལ་གལ་ཏེ་ཁྱོད་ཀྱིས་བསྐྱིས་སྒོར་དུས་ལྟར་མ་བྱིན་ན་ཁྱོད་ཀྱི་ཡིད་རྟོན་ལ་ཤུགས་རྐྱེན་ཐེབས་ངེས།

ཁྱོད་དང་གྲོགས་པོའི་བར་གྱི་བསྐྱིས་སྒོར་འབྲེལ་བ་དེ་ཁྱོད་ཀྱིས་འབྲེལ་ཡོད་ཀྱི་བདེན་དཔང་འཚོལ་སྡུད་བྱ་དགོས་ཤིང་། དེར་ནང་གསེས་སུ་ཁ་བརྡའི་ཟིན་ཐོ་དང་སྒོར་མོ་ཕན་ཚུན་ལ་བསྐུར་བའི་ཟིན་ཐོ་སོགས་འདུ། བདེན་དཔང་འདི་དག་ལ་བརྟེན་ནས་ཁྱོད་ཀྱིས་མི་དམངས་ཁྲིམས་ཁང་དུ་གྲོགས་པོ་ཞུ་གཏུག་བྱས་ཏེ། བསྐྱིས་སྒོར་དུས་ལྟར་སྤྲད་དགོས་པའི་རེ་བ་འདོན་ཆོག།

ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།