བདེ་ཆེན་གྱིས་རྫོང་རེར་ཐོན་ལས་རེ་ཡོད་པའི་ཞིང་དར་སྤུས་རྟཊ་བཏོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དཔྱིད་དཔལ་རབ་ཏུ་བཞད་པའི་སྐབས་འདིར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆི་པེ་གྲོང་ཚོའི་གྲོང་མི་ཧོང་ཕུའུ་ཞང་གིས་རང་ཁྱིམ་གྱི་རྒུན་འབྲུམ་ར་བའི་ནང་ལས་ལ་བྲེལ་བཞིན་འདུག 

    “ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད། ས་གནས་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་ཞིང་དུད་ལ་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་བྱེད་པར་རྒྱུན་ཆད་མེད་པར་ཁྲིད་སྟོན་བྱས་པ་རེད། མིག་སྔར་མཐའ་ཆུ་གྲོང་རྡལ་གྱི་རྒུན་འབྲུམ་རྟེན་གཞི་ལོ་བཅུའི་གོང་གི་མུའུ་470ནས་ད་ཆའི་མུའུ་1670བར་མང་དུ་ཕྱིན་ཏེ། ཤང་དང་གྲོང་རྡལ་ཧྲིལ་པོའི་ཁྱབ་ཁོངས་ནང་ཞིང་དུད་504ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། 

    ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་ད་དུང་ས་མཐོའི་གནམ་གཤིས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་དམིགས་བསལ་ལེགས་ཆ་སྔོག་འདོན་བྱས་ཏེ་འབྲི་གཡག་དང་། རྒུན་འབྲུམ། ཀྲུང་ལུགས་སྨན་རྒྱུ། ནས། བཟའ་བྱའི་ཤ་མོ་སོགས་ཁྱད་ལྡན་ཐོན་ལས་སྣ་ཚོགས་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ཆབས་ཅིག་རིག་གནས་ཡུལ་སྐོར་གྱིས་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་པས“རྫོང་གཅིག་ལ་ཐོན་ལས་གཅིག”གི་འཕེལ་རྒྱས་རྣམ་པ་རགས་ཙམ་ཆགས་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་གཏོད་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་རེད།

    མིག་སྔར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་དུ་ཀུ་ཀུ་ཤ་མོའི་འདེབས་འཛུགས་དེ་སྲིད་འཛིན་གྲོང་ཚོ་5རུ་ཁྱབ་སྤེལ་བཏང་ཡོད་ལ།འདེབས་འཛུགས་རྒྱ་ཁྱོན་མུའུ་1002.8ཟིནཔ། མུའུ་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ནི་སྒོར་6000ཡིན་པ་རེད།


    མིག་སྔར། ཁུལ་ཡོངས་སུ་“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་བདེན་དཔང་ཐོབ་པའི་ཞིང་ལས་ཐོན་རྫས་107དང་ཐོན་ཡུལ་ངོ་མའི་ས་ཁམས་མཚོན་རྟགས་6ཡོད་པ་རེད། 2021ལོར་དབུལ་སྒྲོལ་དུད་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.5ལྷག་ཙམ་ཟིན་པ་དང་། མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་5ཡན་ཟིན་པའི་གྲོང་ཚོ་133ཡོད་པ་རེད།