རོང་བྲག་རྫོང་གིས་ཡུལ་སྡེ་ཁག་ཏུ་རིམས་འགོག་སྨན་ཁབ་བརྒྱབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-18   རྩོམ་ཁུངས།    ཁམས་པའི་དྲ་བ།



རོང་བྲག་རྫོང་གིས་ཡུལ་སྡེ་ཁག་ཏུ་རིམས་འགོག་སྨན་ཁབ་བརྒྱབ།        ཉེ་ཆར་རོང་བྲག་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་མི་སྣ་སྐོང་འཐེན་བྱས་ཏེ་རིམས་འགོག་སྨན་ཁབ་ཚོ་ཆུང་གསར་པ་བཙུགས་ནས་ཡུལ་སྡེ་ཁག་ཏུ་ཕྱིན་ནས་ལོ་ན60ཡན་གྱི་རྒན་རྒོན་ལ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་བ་དང་འབྲེལ་རིམས་འགོག་སྨན་ཁབ་རྒྱག་པའི་སྲིད་ཇུས་དྲིལ་བསྒྲགས་ཞིབ་ཚགས་བྱས་ནས་མང་ཚོགས་སྨན་ཁབ་རྒྱག་སར་འགྲོ་བར་ཁྲིད་སྟོན་བྱས་པ་རེད།

        ཚེས10ཉིན་གྱི་ཐོ་རེངས་བར་རོང་བྲག་རྫོང་གིས་ལོ60ཡན་གྱི་རྒན་རྒོན6815ལ་རིམས་འགོག་སྨན་ཁབ་བརྒྱབ་ཡོད། སླད་ཕྱིན་རོང་བྲག་གིས་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཞབས་ཞུའི་བརྒྱུད་རིམ་ལེགས་སུ་བཏང་སྟེ་ཆ་རྐྱེན་དང་མཐུན་པའི་མང་ཚོགས་ལ་སྨན་ཁབ་རྒྱག་དགོས་ཚད་རྒྱག་ཐུབ་པ་དང་མགྱོགས་སུ་རྒྱག་ཐུབ་པ་འགན་ལེན་བྱ་རྒྱུ་རེད།།